འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་18ཉིན།

༄༅།།གནམ་གྲུ་ཞིག་ནང་མི་25ལ་ཏོག་གསར་ནད་དུག་འགོས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་18ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་6ཚེས་16ཉིན། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རྒྱལ་སྤྱིའི་མཁའ་འགྲུལ་གནམ་གྲུ་CA868(ཡེའུ་ཧན་ནེ་སི་པའོ་ནས་ཧྲེན་ཀྲེན་བར)ལ་མཚམས་འཇོག་དགོས་པའི་བཀའ་བསྒྲགས་དོན། འཕྲལ་མར་གཟའ་འཁོར་4ལ་མཚམས་འཇོག་དགོས་པ་དང་མཚམས་བཞག་པའི་གནམ་གྲུ་མཁའ་ལམ་གཞན་ལ་བེད་སྤྱོད་མི་ཆོག་པ་བཤད།
   དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རྒྱལ་སྤྱིའི་མཁའ་འགྲུལ་གྱིས་ས་གནས་དེ་གའི་གཞུང་ཚབ་པའི་མཛུབ་སྟོན་འོག རྗེས་མཐུད་གནམ་གྲུའི་འགྲུལ་པ་ལ་སེམས་གསོ་དང་གནམ་གྲུ་སྤ་སེ་ཕྱིར་བསློགས་པ་སོགས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཡོད།
    རིམ་བརྩིས་བྱས་ན་གནམ་གྲུ་དེར་ཕྱི་རྒྱལ་ནང་ཡོང་བའི་ནད་འགོས་པའི་ནད་དཔེ་32སྙན་ཞུ་བྱས་ཡོད།
ཧྲེན་ཀྲེན་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཆ་འཕྲིན་ལ་གཞིགས་ན། ཟླ་6ཚེས་25ཉིན་གྱི་ཆུ་ཚོད0-24ཐོག ཧྲེན་ཀྲེན་དུ་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་གསར་པ་13དང་ནད་རྟགས་མེད་པའི་ནད་འགོས་མཁན་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་12ཡོད།
གོང་དུ་བཤད་པའི་ཕྱི་རྒྱལ་ནས་ཡོང་མཁན་གྱི་ནད་དཔེ་ཚང་མ་ནི་ཟླ་6ཚེས་10ཉིན་གནམ་གྲུ་CA868ལ་བསྡད་ནས་ནན་ཧྥེའི་ཡེའུ་ཧན་ནེ་སི་པའོ་ནས་ཧྲེང་ཀྲེན་དུ་སླེབས་པ་རེད། རང་རྒྱལ་གྱི་ཁོངས་སུ་ཡོང་རྗེས་གཅིག་འདུས་ངང་ལོགས་བཀར་བྱས། ལོགས་བཀར་བྱས་པའི་རིང་ཟླ་6ཚེས་15ཉིན་འཆར་ཅན་གྱི་ཉིང་སྐྱུར་ཚད་ཞིབ་བྱས་པ་རེད། དེའི་ཁྲོད་དུ་མི་25ཡི་ཞིབ་དཔྱད་ཚད་ལེན་ནི་གདགས་གཤིས་ཡིན་པ་དང་། གྲོང་ཁྱེར་ནད་ཡམས་ལྟེ་གནས་ཀྱི་བསྐྱར་ཞིབ་ཀྱང་གདགས་གཤིས་ཡིན་འདུག་པས་ཧྲེན་ཀྲེན་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་འཕྲལ་བསྟུན་ཁང་དུ་ལྟ་ཞིབ་སྨན་བཅོས་བྱས། མིག་སྔར་ནད་པ་ཚང་མའི་ནད་གཞི་བརྟན་པོ་ཡིན་པ་རེད།
   ནད་གཞིར་བརྟག་པ་བརྒྱུད། ཏོག་གསར་ནད་དུག་གི་ནད་དཔེ་13ཡོད་པ་ལས། མི་7གྱི་ནད་གཞི་ཡང་བ་དང་། མི6སྤྱིར་བཏང་གི་རིགས་ཡིན་པ་ཚང་མ་ཀྲུང་གོ་བ་རེད། དེའི་ཁྲོད་དུ་ཕོ་9དང་མོ་4ཡོད། ནད་རྟགས་མེད་པའི་ནད་འགོས་མཁན་གྱི་ནད་དཔེ་12ཁྲོད་ཀྲུང་གོ་བ་9(ཕོ་7དང་མོ2)ནན་ཧྥེ་རྒྱལ་ཁབ་ཀྱི་མི་2(ཕོ་1དང་མོ་1)ཅིན་པ་ཝེ་རྒྱལ་ཁབ་ཀྱི་མི་1(ཕོ)བཅས་ཡོད། མིག་སྔའི་བར་གནམ་གྲུ་དེར་རིམ་བརྩིས་བྱས་ན་ཕྱི་རྒྱལ་ནས་ཡོང་བའི་གདགས་གཤིས་ཡིན་པའི་ནད་དཔེ་32སྙན་ཞུ་བྱས་ཡོད།