འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་18ཉིན།

༄༅།།ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད། ནམ་ཡང་ཏང་གི་རྗེས་སུ་འབྲང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་18ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་རྒན་ཡོལ་ཞུས་པའི་ཏང་ཡོན་གྱིས་སྤྱི་ཚོགས་གསར་རྙིང་བསྡུར་བའི་པར་རིས་ལ་ལྟ་བཞིན་པ།
འདི་ནི་རྒན་ཡོལ་ཞུས་པའི་ཏང་ཡོན་གྱིས་སྤྱི་ཚོགས་གསར་རྙིང་བསྡུར་བའི་པར་རིས་ལ་ལྟ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རྒན་ཡོལ་ཞུས་པའི་དགེ་རྒན་གྱི་ཏང་ཀྲི་པུའུ་དང་སློབ་འབྲིང་ཏང་ཀྲི་པུའུ་གཉིས་པ་དང་མཉམ་དུ་རྒན་ཡོལ་ཞུས་པའི་ཏང་ཡོན་70ལྷག་ཙམ་སྒྲིག་འཛུགས་ཀྱིས་ཟླ་5ཚེས་15ཉིན་གྱི་སྔ་དྲོར་ལྷ་ས་ཀོང་ཤིས་མཛའ་གྲོགས་སློབ་ཆུང་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་ཆེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་པར་རིས་འགྲེམས་སྟོན་དང་གློག་བརྙན་བལྟ་བ་དང་། ས་གནས་ས་ཐོག་ཏུ་ལྟ་སྐོར་བྱེད་པ། མྱོང་ཚོར་གླེང་རེས་སོགས་ཕུན་སུམ་ཚོགས་ལ་དོན་སྙིང་ལྡན་པའི་ནང་དོན་བཀོད་སྒྲིག་བྱས་ཡོད་པས། ཏང་ཡོན་རྒན་གྲས་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད་ལ། “ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི”འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་ཡོད་པ་རེད།
འདི་ནི་ཏང་ཡོན་རྒན་གྲས་ཀྱིས“ང་དང་ངའི་མེས་རྒྱལ”ཞེས་པའི་གློག་བརྙན་ལྟ་བཞིན་པ།
འདི་ནི་ཏང་ཡོན་རྒན་གྲས་ཀྱིས“ང་དང་ངའི་མེས་རྒྱལ”ཞེས་པའི་གློག་བརྙན་ལྟ་བཞིན་པ།