འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་18ཉིན།

༄༅།།ཁབ་སྐུད་རེ་རེ་ལས་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་མངོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་18ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཀླུ་སྟེང་གྲོང་ཚོའི་ཏང་ཡོན་ཚོས་རྒྱལ་དར་འཚེམ་བཞིན་པ།
འདི་ནི་ཀླུ་སྟེང་གྲོང་ཚོའི་ཏང་ཡོན་ཚོས་རྒྱལ་དར་འཚེམ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱིས་གཙོ་གཉེར་དང་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་ཏང་ཀྲི་པུས་གཉེར་འགན་འཁུར་བའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་དར་ཡུག་ཅིག”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་བོན་རི་མཛེས་ལྗོངས་ཁུལ་དུ་སྤེལ་ཅིང་། ཀླུ་སྟེང་གྲོང་ཚོའི་ཏང་ཡོན་40ཡིས་ཁབ་སྐུད་རེ་རེས་རྒྱལ་དར་ཞིག་བཙེམས་ཏེ་རང་ཉིད་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་པ་རེད།