འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་18ཉིན།

༄༅།།འཛམ་གླིང་གི་ཨང་བདུན་པ་དང་ཀྲུང་གོའི་ཨང་བཞི་པའི་ཆུ་ཤུགས་གློག་ཁང་ཆེན་པོ། ཝུའུ་ཏུང་ཏེ་ཆུ་ཤུགས་
གློག་ཁང་གི་འཕྲུལ་ཙུའུ་ཚང་མ་ནས་གློག་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་18ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
 འདི་ནི་ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
 འདི་ནི་ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན་གྱི་ཆུ་ཚོད་11ཙམ་དུ། འཛམ་གླིང་གི་ཨང་བདུན་པ་དང་ཀྲུང་གོའི་ཨང་བཞི་པའི་ཆུ་ཤུགས་གློག་ཁང་སྟེ། ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་མཐའ་མ་ཆུ་ཚོད་72ཀྱི་ཚོད་ལྟའི་འཁོར་རྒྱུག་བདེ་བླག་ཐུབ་པ་དང་གྲུབ་འབྲས་ཐོན་པའི་སྒོ་ནས་ལྷོ་ཕྱོགས་གློག་དྲ་དང་སྦྲེལ་མཐུད་ཐུབ་སྟེ་དངོས་སུ་གློག་གཏོང་འགོ་ཚུགས་ཤིང་། དེར་བརྟེན། ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་12ཚང་མ་ནས་གློག་གཏོང་འགོ་ཚུགས་ཡོད།
     ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ལུའུ་ཆོན་རྫོང་དང་སི་ཁྲོན་ཞིང་ཆེན་ལེང་ཧྲན་ཀྲོའུ་ཧུའེ་ཏུང་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་རྒྱུད་དུ་གནས་ཡོད། དེ་ནི“ནུབ་གློག་ཤར་གཏོང”ལག་ལེན་བསྟར་བའི་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་ཞིག་ཡིན། དེའི་གསར་སྤེལ་ལས་འགན་གཙོ་བོ་ནི་གློག་གཏོང་རྒྱུ་ཡིན་པ་དང་། ཆུ་ལོག་སྔོན་འགོག་དང་སྐྱེལ་འདྲེན་རམ་འདེགས་སུ་བྱས་ཡོད། གློག་ཁང་དུ་ཤོང་ཚད་ཆན་ཝ་ཁྲི་85ཟིན་པའི་འཕྲུལ་ཙུའུ་རྐྱང་པའི་ཆུ་འཁོར་གློག་གཏོང་འཕྲུལ་ཙུའུ་12སྒྲིག་སྦྱོར་བྱས་ཡོད་པ་དང་། དེ་ནི་མིག་སྔའི་འཛམ་གླིང་ཐོག་གི་གློག་གཏོང་འགོ་ཚུགས་པའི་འཕྲུལ་ཙུའུ་རྐྱང་པའི་ཆུ་འཁོར་གློག་གཏོང་འཕྲུལ་ཙུའུ་ཆེ་ཤོས་ཡིན། ཆུ་ཤུགས་གློག་ཁང་གི་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1020ཟིན་པ་དེས་ལོ་མང་རིང་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་389.1ཟིན་པ་དེ་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་1220གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་3050ཕྱིར་འབུད་བྱེད་ཉུང་དུ་བཏང་བ་དང་མཚུངས་ཀྱི་ཡོད་པ་རེད།