འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་17ཉིན།

༄༅།།ཨ་རུ་དང་ཨུ་རུ་སུའི་ཙུང་ཐུང་གིས་འཐབ་ཇུས་བརྟན་བརླིང་གླེང་མོལ་ལ་མོས་མཐུན་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་17ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རུ་དང་ཨུ་རུ་སུའི་ཙུང་ཐུང་གིས་འཐབ་ཇུས་བརྟན་བརླིང་གླེང་མོལ་ལ་མོས་མཐུན་བྱས།
    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན། ཨ་རིའི་ཙུང་ཐུང་པེ་ཏེན་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་16ཉིན་སེའུ་ཙེའི་ཇེ་ན་ཝ་རུ་ཐུག་འཕྲད་བྱས་པ་རེད། ཕྱོགས་གཉིས་ཀས་ཐུག་འཕྲད་རྗེས་སུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་གཉིས་ཀས་དམག་དོན་ཚོད་འཛིན་དང་འགལ་བ་དང་ཉེན་ཁ་ཇེ་ཆུང་དུ་གཏོང་བ་སོགས་ཀྱི་ཐད་ལ་ཕྱོགས་གཉིས་ཀས་འཐབ་ཇུས་བརྟན་བརླིང་ཡོང་བའི་གླེང་མོལ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།