འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་17ཉིན།

༄༅།།མཁའ་སྐྱོད་པ་གསུམ་བཀའ་ལྟར་རྒྱང་སྐྱོད་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་17ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཁའ་སྐྱོད་པ་གསུམ་བཀའ་ལྟར་རྒྱང་སྐྱོད་བྱས།
    མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་གིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། པེ་ཅིང་དུས་ཚོད་ཟླ་6ཚེས་17ཉིན་གྱི་ཞོགས་པར། ལྷ་གྲུ་ཨང་བཅུ་གཉིས་པའི་མི་སྡོད་འཕུར་སྐྱོད་འགན་སྒྲུབ་འཕུར་སྐྱོད་པ་ཚོ་ཆུང་གི་རྒྱང་སྐྱོད་མཛད་སྒོ་དེ་ཅུའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ཝུན་ཐེན་ཀེ་ཐང་ཆེན་དུ་སྤེལ་བ་རེད། ཆུ་ཚོད་6དང་སྐར་མ་32ཐོག ཀྲང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྤྱི་ཁྱབ་བཀོད་འདོམས་པ་དང་། བར་སྣང་ས་ཚུགས་དུས་རིམ་འཕུར་སྐྱོད་ལས་འགན་སྤྱི་ཁྱབ་མཛུབ་སྟོན་པུའུ་ཡི་བཀོད་འདོམས་པ་ལི་ཧྲང་ཧྥུའུ་ཡིས་བཀའ་ཕབ་ནས། ཉེ་ཧེ་ཧྲེང་དང་ལིའུ་པའོ་མིང་། ཐང་ཧོང་པའོ་བཅས་མཁའ་སྐྱོད་པ་གསུམ་གྱིས་བཀའ་ལྟར་དུས་ཡུན་ཟླ་བ་གསུམ་རིང་གི་འཕུར་སྐྱོད་ལས་འགན་འགོ་བརྩམས་པ་དང་། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་དེ་བར་སྣང་ས་ཚུགས་དུས་རིམ་དུ་སླེབས་རྗེས་སུ་བར་སྣང་ལ་སྐྱོད་པའི་འགྲུལ་བ་ཁག་དང་པོ་རེད། 
༄༅།།མཁའ་སྐྱོད་པ་གསུམ་བཀའ་ལྟར་རྒྱང་སྐྱོད་བྱས།
༄༅།།མཁའ་སྐྱོད་པ་གསུམ་བཀའ་ལྟར་རྒྱང་སྐྱོད་བྱས།
༄༅།།མཁའ་སྐྱོད་པ་གསུམ་བཀའ་ལྟར་རྒྱང་སྐྱོད་བྱས།