འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་17ཉིན།

༄༅།།ཟླ་5པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་12.5%འཕར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་17ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་5པར་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་སླར་གསོ་བྱུང་ནས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་ཏེ་ཆུ་ཚོད་ཆན་ཝ་དུང་ཕྱུར་6724ཟིན་པ་དེ་དུས་མཚུངས་ལས་12.5%འཕར་བ་དང་2019ལོའི་དུས་མཚུངས་ལས་18.7%འཕར་ཡོད།
    ལས་རིགས་ཁག་བགོས་ཀྱིས་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་79ཟིན་པ་དེ་དུས་མཚུངས་ལས་13.9%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4705ཟིན་པ་དེ་དུས་མཚུངས་ལས་11.5%འཕར་ནས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་65%ཙམ་ཟིན་ཡོད་ལ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་གཙོ་ཤུགས་ཀྱང་རེད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1104ཟིན་པ་དེ་དུས་མཚུངས་ལས་23.4%འཕར་ནས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་836ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད།
    ཟླ་དང་པོ་ནས་ལྔ་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཁྱོན་བསྡོམས་ཆུ་ཚོད་ཆན་ཝ་དུང་ཕྱུར་32305ཟིན་པ་དེ་དུས་མཚུངས་ལས་17.7%འཕར་ཡོད།