འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་15ཉིན།

༄༅།།མཱ་ཁེ་ལུང་གིས་G7ནི་ཀྲུང་གོ་དགྲར་འཛིན་པའི་“མཉམ་སྤྲོ་ཁང་”མིན་ཟེར།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་15ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཱ་ཁེ་ལུང་གིས་G7ནི་ཀྲུང་གོ་དགྲར་འཛིན་པའི་“མཉམ་སྤྲོ་ཁང་”མིན་ཟེར།
    མི་དམངས་དྲ་བའི་འཕྲིན། མཱ་ཁེ་ལུང་གིས་ཀྲུང་གོ་དང་འབྲེལ་བ་དར་སྤེལ་གཏོང་བར་དྲང་བདེན་དང་བརྩི་འཇོག་བྱ་དགོས་པ་ལས། འགལ་བ་ཇེ་ཆེར་གཏོང་མི་རུང་བརྗོད།  
    ས་གནས་དེ་གའི་དུས་ཚོད་ཚེས་13ཉིན། རྒྱལ་ཁབ་བདུན་གྱི་ཚོགས་པའི་འགོ་ཁྲིད་ཚོགས་འདུ་མཇུག་སྒྲིལ་བའི་རྗེས་སུ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དབྱིན་ཇིའི་ཁང་ཝོར་དུ་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ་ཁ་གསལ་བསྟན་དོན། རྒྱལ་ཁབ་བདུན་གྱི་ཚོགས་པ་ནི་ཀྲུང་གོ་དགྲ་བོར་འཛིན་པའི་“མཉམ་སྤྲོ་ཁང་”ཞིག་མ་རེད། གནམ་གཤིས་འགྱུར་ལྡོག་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་དེ་བཞིན་དུ་སྲིད་ཇུས་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད། རྒྱལ་ཁབ་བདུན་གྱི་ཚོགས་པའི་ཁོངས་མིས་སྔར་བཞིན་ཀྲུང་གོ་དང་མཉམ་དུ་འབད་པ་བྱེད་དགོས། 
   མཱ་ཁེ་ལུང་གིས། ཁོང་གིས་ཀྲུང་གོས་བསྐྱོད་པའི་བགྲོད་ལམ་དུ་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་མི་དུང་ཕྱུར་ལྷག་དབུལ་བྲལ་འགག་སྒྲོལ་བྱུང་ཡོད་པ་མཐོང་ཟེར། དུས་མཚུངས་སུ། ཁོང་གིས་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་མི་འདྲ་བའི་ཆ་ཡོད་པའང་ངོས་ལེན་བྱས། མཱ་ཁེ་ལུང་གིས་ནན་བཤད་བྱས་དོན། ཀྲུང་གོ་དང་མཉམ་ལས་རོགས་པའི་འབྲེལ་བ་དར་སྤེལ་བྱེད་ན། དྲང་བདེན་དང་བརྩི་འཇོག་བྱ་དགོས་ཤིང་། རྒྱལ་ཁབ་བདུན་གྱི་ཚོགས་པས་འགལ་བར་ཁ་གཏད་འཇལ་བ་ལས། འགལ་བ་དེ་ཇེ་ཆེར་གཏོང་མི་རུང་། 
    ཉིན་དེའི་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། མཱ་ཁེ་ལུང་ལ་ཏོག་གསར་གློ་ཚད་རིམས་ནད་འབྱུང་ཁུངས་ཀྱི་གནད་དོན་སྐོར་དྲིས་པ་ལས། མཱ་ཁེ་ལུང་གིས། ནད་དུག་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་རེད། མིག་སྔར། རྒྱལ་ཁབ་ཁག་གིས་མཉམ་དུ་འབད་པ་བྱེད་ནས་མང་ཚོགས་སྲུང་སྐྱོང་བྱེད་དགོས་པ་མ་ཟད། གསར་གཏོད་ཀྱི་གྲུབ་འབྲས་མཉམ་རོལ་བྱེད་དགོས། མཱ་ཁེ་ལུང་གིས་ནན་བཤད་བྱས་དོན། ད་ལྟར་ནད་དུག་གི་འབྱུང་ཁུངས་ཤེས་རྟོགས་བྱེད་དགོས་མོད། ཡིན་ནའང་། རྒྱལ་ཁབ་གང་ཞིག་གི་བཤད་པ་ཙམ་ལ་ཉན་མི་རུང་། ནད་དུག་གི་འབྱུང་ཁུངས་ནི་དོན་དངོས་རྨང་གཞིར་བཟུང་ནས། རྒྱལ་ཁབ་ཚང་མས་མཉམ་ལས་བྱས་པར་བརྒྱུད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་དགོས་ཟེར།