འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་15ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100 འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཕྱོགས་བསྡུས་ནང་སྦྱོང་ཐེངས་དང་པོ་
བདེ་བླག་ངང་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་15ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོཌ་བྱུང་བར། ཟླ་6ཚེས་12ཉིན་གྱི་ཆུ་ཚོད་21ནས་ཟླ་6ཚེས་13ཉིན་གྱི་ཐོ་རེངས་བར། པེ་ཅིང་གནམ་བདེ་སྒོ་མོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཕྱོཌ་བསྡུས་ནང་སྦྱོང་ཐེངས་དང་པོ་བྱས་ཤིང་། མི་ཁྲི་1.4ཙམ་ནང་སྦྱོང་དང་དེ་བཞིན་ས་ཆ་དངོས་ཀྱི་འགན་ལེན་ལས་དོན་ལ་ཞུགས་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་བསྡུས་ནང་སྦྱོང་ཐེངས་དང་པོར་སྔོན་འགྲོའི་བྱེད་སྒོ་དང་། རྟེན་འབྲེལ་ཚོགས་ཆེན། རྟེན་འབྲེལ་ཁུལ་དུ་འཛུལ་ཐོན། འཕྲལ་སྡོམ་ཐག་གཅོད་བཅས་ནང་དོན་ཁག་བཞི་ཡོད་ཅིང་། གཙོ་གནད་ཐོག་མཉམ་འབྲེལ་དམག་དཔུང་གི་རོལ་དབྱངས་ཚོགས་པ་དང་། མཉམ་གཞས་ཚོགས་པ། རྒྱལ་དར་སྲུང་དམག རྟེན་འབྲེལ་མེ་སྒྱོགས་རུ་ཁག དང་བླངས་པ་སོགས་མི་སྣའི་བྱེད་སྒོའི་བརྒྱུད་རིམ་དང་མཉམ་འཛོམས་ཁ་འགྲེམས་ནང་སྦྱོང་བྱས་པ་དང་། དེ་བཞིན་སྨན་བཅོས་རོགས་སྐྱོབ་དང་། མེ་ཟོན་འཕྲལ་སྡོམ། སྒྲ་སྐྱེད་འགན་ལེན་སོགས་ཆེད་ལས་དཔུང་ཁག་སྒྲིག་འཛུགས་བྱས་ནས་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།