འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་31ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་བྱང་ཆུབ་ལྷ་མོ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་31ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བྱང་ཆུབ་ལྷ་མོའི་འདྲ་པར་ཡིན་པ།
འདི་ནི་བྱང་ཆུབ་ལྷ་མོའི་འདྲ་པར་ཡིན་པ།
     མི་དམངས་དྲ་བའི་འཕྲིན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་འོག་བོད་ཀྱི་ས་ཆ་ཁག་ཏུ་དྲག་པོའི་ངོ་ལོག་ཟིང་འཁྲུག་ཟམ་མི་ཆད་པ་ལངས། བྱང་ཆུབ་ལྷ་མོའི(མིང་གཞན་ལ་བྱང་ལྷ་ཞེས་འབོད)གཅེན་པོ་ཉི་མ་རྒྱལ་མཚན་གྱིས་ལྐོག་ཏུ་བཅིངས་འགྲོལ་དམག་གི་མྱུལ་ཞིབ་པ་སྐྱེལ་བསུ་དང་དངོས་ཟོག་དབོར་འདྲེན་བྱེད་རོགས་བྱས་པ་མ་ཟད། བཅིངས་འགྲོལ་དམག་ལ་གསང་འཕྲིན་འཚོལ་བསྡུ་དང་ཆ་འཕྲིན་བརྒྱུད་སྤྲོད་སོགས་བྱེད་རོགས་བྱས་པས། ངོ་ལོག་ཇག་པས་གདུག་རྩུབ་ཆེན་པོས་བཀྲོངས། “ངོ་ལོག་ཇག་པས་ངའི་གཅེན་པོ་བྲག་རི་གཡང་གཟར་དུ་དབྱུགས་རྗེས། གདོང་པ་ཁྲག་གིས་འཚོས་པའི་གཅེན་པོས་ནུས་ཤུགས་ཡོད་རྒུས་གཙང་པོའི་ཁར་འཛེག་ཐབས་བྱས་མོད། ངོ་ལོག་ཇག་པས་སླར་ཡང་མགོ་བོར་རྡོ་གཞུས་ཏེ་བཀྲོངས་པ་དང་། ཁོང་གི་སྐུ་ཕུང་ཡང་འབྲི་ཆུར་དབྱུགས་སོང”ཞེས་བྱང་ཆུབ་ལྷ་མོས་དེ་ལྟར་བརྗོད།
     དེ་རྗེས་བྱང་ཆུབ་ལྷ་མོ་དང་ཇག་པས་བཀྲོངས་པའི་ཞིང་བྲན་གཞན་དག་གི་ནང་མི་རྣམས་རང་ཡུལ་བཞག་ནས་གཞན་ཡུལ་དུ་མ་འགྲོ་ཀ་མེད་བྱུང་། འཁྱག་དུས་བྲག་ཕུག་ནང་སྡོད་པ་དང་ལྟོགས་དུས་སྔོ་ཚོད་ཀྱིས་གྲོད་པ་རྒྱག་ཐབས་བྱས།
     དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བྱང་ཆུབ་ལྷ་མོའི་ནང་མི་རྣམས་ཕ་ཡུལ་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་དུ་ལོག་པ་དང་། ཁོ་ཚོར་ཁང་པ་དང་། ས་ཞིང་། སྒོ་ཕྱུགས་བཅས་བགོ་བཤའ་བརྒྱབ་པ་མ་ཟད། ཁོང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིར་གྱུར་ཏེ་ལས་དོན་རུ་ཁག་ལ་གཞོགས་འདེགས་བྱས་ནས་གྲོང་ཚོ་ཁག་ཏུ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་བསྐྱོད། འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་འགྲོ་སྐབས་བྱང་ཆུབ་ལྷ་མོས་ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་ཚེ་སྲོག་བློས་གཏོང་མཁན་གྱི་གཅེན་པོ་དྲན་བཞིན་ཡོད།
འདི་ནི་བྱང་ཆུབ་ལྷ་མོ(དཀྱིལ)དང་ནང་མིའི་མཉམ་པར་ཡིན་པ།
འདི་ནི་བྱང་ཆུབ་ལྷ་མོ(དཀྱིལ)དང་ནང་མིའི་མཉམ་པར་ཡིན་པ།