འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་24ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་
ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་24ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བོད་ལྗོངས་སྲོལ་རྒྱུན་རྟ་རྩལ་ངོམ་སྟོན་རུ་ཁག་གི་རྟ་པས་རྟ་རྩལ་ངོམ་བཞིན་པ།
འདི་ནི་བོད་ལྗོངས་སྲོལ་རྒྱུན་རྟ་རྩལ་ངོམ་སྟོན་རུ་ཁག་གི་རྟ་པས་རྟ་རྩལ་ངོམ་བཞིན་པ། 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་དང་ཆུ་ཤུར་རྫོང་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་འགན་འཁུར་བའི་བོད་ཀྱི“བདེ་ཐང་དང་། རིག་རྩལ། ལུས་རྩལ”བཅས་གཤམ་སྤེལ་གསུམ་དང་ལུས་རྩལ་གཞི་རིམ་དུ་སྤེལ་བའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ངོམ་སྟོན(ཆུ་ཤུར་ས་ཚིགས)གྱི་བྱེད་སྒོ་ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོར་སྤེལ་ནས། མང་ཚོགས་ཚོར་ངོ་མཚར་ཆེ་བའི་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།