འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་24ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་བསྟན་དར།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་24ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བགྲེས་སོང་བསྟན་དར་དང་བུ་མོ་བག་གྲོའི་མཉམ་པར་ཡིན་པ།
འདི་ནི་བགྲེས་སོང་བསྟན་དར་དང་བུ་མོ་བག་གྲོའི་མཉམ་པར་ཡིན་པ།
     1940ལོར་སྐྱེས་པའི་བསྟན་དར་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོ་ནས་ཡིན་པ་དང་། སྤྱི་ཚོགས་རྙིང་པར་ཡུལ་དེའི་སྡེ་དཔོན་གྱི་ཞིང་བྲན་ཞིག་ཡིན་པ་རེད།
     འབྲོག་པའི་བཟའ་བཅའ་གཙོ་བོ་ནི་ཤ་དང་དཀར་ཆུའི་རིགས་ཡིན་རུང་། བོད་རྙིང་པར་ལོ་གཅིག་དུས་བཞིར་ཕྱུགས་འཚོ་བའི་འབྲོག་པར་ཞག་ཚིལ་རིགས་ནི་ལྟ་ཞོག ལྟོ་གྲོད་པ་རྒྱགས་པ་ཞིག་ཀྱང་ཟ་རྒྱུ་མེད། བསྟན་དར་ཡང་ཞིང་བྲན་གྱི་ཕྲུ་གུ་མང་པོ་དང་འདྲ་བར་སྐབས་དེ་དུས་ལྟོས་གྲོད་པ་རྒྱགས་མྱོང་མེད་པ་རེད།
     ཁོང་གིས། བོད་རྙིང་པར་རང་ཉིད་དགོང་མོར་ལྷགས་པ་འཚང་པའི་གུར་གྱི་ཟུར་དུ་འཁྱགས་ནས་འདར་སིག་སིག་བྱེད་པ་དང་ཉིན་ལྟར་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་ཡོང་བའི་རེ་སྒུག་བྱས་པ་ཡིན། སྡེ་དཔོན་ཁྱིམ་གྱི་ཤ་བཙོས་པའི་དྲི་མ་བསྣམས་པ་ཙམ་གྱིས་ཀྱང་བློ་ཡིད་ཚིམ་པོ་ཡོང་གི་ཡོད་ཅེས་བཤད།
     དམངས་གཙོའི་བཅོས་སྒྱུར་བྱས་རྗེས། གུང་ཁྲན་ཏང་གིས་རྩྭ་ར་དང་ནོར་ལུག་དབུལ་པོར་བགོས། བསྟན་དར་གྱིས་ད་ཆ་ང་ཚོར་རང་ཉིད་ལ་དབང་བའི་ཁང་པ་ཡོད་པ་མ་ཟད། དེ་སྔའི་སྡེ་དཔོན་གྱི་ཁང་པ་ལས་ཀྱང་ཡག་པ་ཡོད་ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དེའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ཟིན་པ་དང་། ཡར་ལངས་ཞིང་བྲན་དང་ཁོང་ཚོའི་རྗེས་རབས་པ་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། 
འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་བགྲེས་སོང་བསྟན་དར་ཡིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་བགྲེས་སོང་བསྟན་དར་ཡིན་པ།