འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་17ཉིན།

༄༅།།ཀན་སུའུ་ཅིན་ཁྲོན་རྫོང་། ཕྱུག་འགྱུར་ལམ་བུའི་མྱུར་ཚད་མགྱོགས་སུ་འགྲོ་བཞིན་ཡོད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་15ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་གར་ཚོགས་པར་གྱི་གསར་འགོད་པ་ཏུང་ཧུང་ལེང་དདང་ཝང་ཅིན་ཐའོ།

    ཧྥུའུ་དབྱིན(ཧྥུའུ་ཀྲོའུ་ནས་དབྱིན་ཁྲོན་བར)མྱུར་བགྲོད་གཞུང་ལམ་གྱི་ཀན་སུའུ་ཅིང་ཁྲོན་རྫོང་ཁོངས་ཀྱི་ཐོན་སྒོ་ནས་ཐོན་ཏེ་ཆུ་ཚོད་ཕྱེད་ཀ་མ་ཟིན་ཙམ་བསྐྱོད་ཚེ་ཝང་ཚུན་གྲོང་རྡལ་ཨར་ཧྲི་ལི་ཕུའུ་གྲོང་ཚོར་སླེབས་ཀྱི་་ཡོད་པ་རེད།
    “དེ་སྔོན་རི་ཁུག་ཏུ་སྡོད་ཀྱི་ཡོད་པས་གནམ་གྲུར་སྡོད་རྒྱུ་ཕར་ཞོག་འདྲུད་འཐེན་འཁོར་ལོར་ཡང་སྡོད་ཁག་པོ་ཡོད”ཝེ་ཨེན་ཧུང་གིས་བཤད་པའི་རི་ཁུག་ནི་དེ་སྔའི་གྲོང་ཚོ་རྙིང་པ་ཡིན་ཏེ་རི་ཁུག་ཏུ་ས་ཕུག་ནང་སྡོད་ཀྱི་ཡོད་པས་ཉིན་མའི་དགུང་ལ་ཡང་དཀར་ཆ་དོད་པོ་མེད།“གནམ་ཆུར་བརྟེན་དགོས་སྟབས་འཚོ་བ་ཡག་པོ་མེད”ལོ་8གོང་དུ། ཁོང་ཚོ་གྲོང་ཚོ་ཧྲིལ་པོ་འདི་གར་སྤོས་ནས་དཀར་ཆ་དོད་པོའི་སོ་ཕག་གི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་རེད།“རི་ཁུག་ནས་སྤོས་པས་ས་ཁོད་ཡངས་པར་གྱུར་ནས”དུད་ཚང་ཚང་མར་གསོ་ཚགས་བྱེད་ས་དང་སྔོ་ཚལ་དྲོད་ཁང་ཆེ་མོ་ཡོད་པས་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་ཡོད་ཅེས་ཝེ་ཨེན་ཧུང་གིས་བཤད།
    “ངའི་གསོ་ཚགས་བྱེད་ས་དང་དྲོད་ཁང་ཆེ་མོ་གཉིས་ཀ་བརྒྱུད་བཤུག་བཏང་ཡོད”ཁྱོན་མུའུ་4ཡོད་ལ་མུའུ་རེར་སྒོར་800བྱས་པ་ཡིན། ཕྱིར་སྤོས་རྗེས་བུ་ཕྲུག་ཚོ་ཕྱིར་ལས་ཀར་སྐྱོད་པ་དང་ངས་རང་ཉིད་ཀྱི་སྒོ་རྩར་ལས་ཀ་བྱེད་ཀྱི་ཡོད།“ཉིན་རེར་སྒོར་100རེ་དང་ཟླ་བ་རེར་ཡོང་འབབ་སྒོར་2000ལྷག་ཙམ་འདུག”འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་རྩིས་ཤིག་བརྒྱབ་པ་ལྟར་ན་འགྲོ་སོང་ཚང་མ་ཕུད་རྗེས་ཁྱིམ་ཚང་ལ་ཡོང་འབབ་སྒོར་ཁྲི་8རག་འདུག“གྲོང་ཚོའི་ནང་གི་ཡོང་འབབ་མཐོ་གྲས་མིན”དུད་ཚང་མི་ཉུང་བ་ཞིག་གི་ལོར་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ནས་འཇིབ་ཆུང་གཉིས་རེ་ཉོས་ཡོད་པ་རེད།“ངའི་ནང་ལ་འཇིབ་ཆུང་གཅིག་ལས་མེད་ལ་འདི་ཡང་ལོ་ཁ་ཤས་ཀྱི་གོང་ནས་ཉོས་པ་ཡིན”ཞེས་ཝེ་ཨེན་ཧུང་གིས་བཤད།
    ཝང་ཚུན་གྲོང་རྡལ་ནི་ཅིང་ཁྲོན་གཙང་པོའི་ངོགས་གཉིས་སུ་ཆགས་ཡོད་པ་སྟེ། སྐྱ་ཐེར་ཐེར་གྱི་རི་ཀླུང་དུ་སྲིད་འཛིན་གྲོང་ཚོ་18གནས་ཡོད་པ་དང་། ཨར་ཧྲི་ལི་ཕུའུ་གྲོང་ཚོ་དང་ཐག་མི་རིང་པའི་སར་ཡོད་པའི་ཀྲུའུ་ཅཱ་ཅན་གྲོང་ཚོ་ཡང་སྔོན་ཆད་རི་བོ་མཐོན་པོ་དང་གྲོག་རོང་ཟབ་མོས་བཀག་ནས་འགྲིམ་འགྲུལ་སོགས་སྟབས་བདེ་པོ་མེད་པས་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན་པ་རེད།
    “ཡར་བལྟས་ན་རི། མར་བལྟས་ན་རི། རི་དང་རི་སྦྲེལ”ཀྲུའུ་ཅཱ་ཅན་གྲོང་ཚོ་ནི་རི་ཟུར་ཞིག་ཏུ་ཆགས་ཡོད། “གྲོང་ཚོ་ཧྲིལ་པོའི་དུད་ཚང་བརྒྱ་ཡས་མས་ཝ་ཧྲན་ཆེ་ཆུང་སོགས་ས་ཆ་བརྒྱད་དུ་གཞིས་ཆགས་ཡོད”དུད་ཚང་སོ་སོའི་བར་ཐག་རིང་ཤོས་ལེ་དབར་10ལྷག་ཙམ་ཡོད། སྡོད་ས་ས་ཁང་དང་བཟའ་རྒྱུ་འབྲུ་རིགས་དཀྱུས་མ་ཡིན། འཐུང་ཆུ་དཔུང་རྒྱུག་བརྒྱབ་ནས་ལེན་དགོས། ཉོ་ཆ་རྒྱག་དགོས་ན་རྐང་ཐང་མར་འགྲོ་དགོས་ལ“མགྱོཌ་མྱུར་སྐྱོད་ཀྱང་ཆུ་ཚོད་གཉིས་འགོར་གྱི་ཡོད”ཅེས་གྲོང་མི་ཀྲུའུ་རེན་ལུའུ་ཡིས་བཤད།
    “སྔོ་ཚལ་མུའུ་གཅིག་དང་ཞིང་ཁ་མུའུ་བཅུ། ལོ་ཁོར་མོ་ཡུག་ཏུ་དཀའ་ལས་བརྒྱབ་ཀྱང་ཡོང་འབབ་ཏོག་ཙམ་ལས་མི་འདུག”ཀྲུའུ་རེན་ལུའུ་ཡིས་ཉར་པའི་པར་རིས་མཐོང་བ་མིན་ན། ཆུ་གློག་དྲོད་གསུམ་དང་རང་བྱུང་སོལ་རླངས་སོགས་འཛོམས་པའི་ཐོག་ཁང་དུ་བསྡད་ནས་སྔོན་ཆད་ཀྱི་དཀའ་སྡུག་བསམ་བློར་ཡང་འཁོར་དཀའ་བ་ཞིག་རེད།“རིའི་ཚུར་རོལ་དུ་མི་སྡོད་ཀྱི་ཡོད་པ་དང་རིའི་ཕ་རོལ་དུ་ཞིང་ཁ་འདེབས་ཀྱི་ཡོད”ཞིང་ཁ་འདེབས་དཀའ་ལ་ལོ་ལེགས་དེ་བས་ཀྱང་ཡོང་དཀའ། ཚ་གདུག་ཆེན་པོའི་ནང་རྒྱ་མ་བརྒྱ་ཕྲག་ཁ་ཤས་ཡོད་པའི་ལག་འཐེན་འཁོར་ལོ་དྲུད་དེ་ལ་བརྒྱབ་ཀླུང་བརྒལ་བྱས་ཚེ “ཨ་ཐང་ཆད་དེ་ཤི་གྲབས་བྱེད་ཀྱི་འདུག” “ཡིན་ན་ཡང་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་རི་ལས་བབས་ཏེ་ཐོག་ཁང་ནང་སྡོད་རྒྱུ་བྱུང་བ་མ་ཟད་ད་དུང་དབུལ་པོའི་རྩ་བ་ཡང་དྲུངས་ནས་ཕྱུངས་སོང”ཞེས་ཀྲུའུ་རེན་ལུའུ་ཡིས་བཤད།
    གནས་སྤོས་གྲོང་གསར་གྱི་ཁ་སྤྲོད་དུ། ས་གནས་དེ་གས་ས་ཞིང་བརྒྱུད་བཤུག་བཏང་ནས་ཉི་འོད་དྲོད་ཁང་13དང་ལྕགས་སྒྲོམ་དྲོད་ཁང་ཆེ་མོ་235བསྐྲུན་ཏེ “སྔོ་ཚལ་དང་། ཀྭ་མངར། སུར་པན། ཀྲོ་མ་ཀྲུ་སོགས་འདེབས་ཀྱི་ཡོད་པ་རེད”ཐེན་ཅིན་གྱི་རིགས་གཅིག་མཁས་ཅན་གྱིས་གྲོང་ཚོའི་ནང་དུ་ལོ་ཕྱེད་རིང་ཚང་མར་འདེབས་གསོའི་ལག་རྩལ་གསར་པ་དམར་ཁྲིད་བྱས་བྱུང་།“ལག་རྩལ་ནི་དངོས་འབྲེལ་ཐོན་སྐྱེད་ནུས་ཤུགས་རང་རེད”ཕན་འབྲས་མངོན་གསལ་དོད་པོ་འདུག ན་ནིང་ངའི་ནང་གི་སྔོ་ཚལ་དྲོད་ཁང་ཆེ་མོར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་རག་བྱུང་ཞེས་ཀྲུའུ་རེན་ལུའུ་ཡིས་བཤད། གཞན་ཡང་། གྲོང་ཚོའི་ནང་དུ་ད་དུང་ཀྲུའུ་ཅཱ་ཅན་གྲོང་ཚོའི་ཤིན་ཅན་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་ནས། དུད་ཚང་དབུལ་པོ་83ལ“ཕིང་ལེང་གླང་དམར”རྒྱུད་ཀྱི་བ་མོ་142གསོ་ཚགས་བྱས་པར་ལོ་རེ་རེ་བཞིན་དུད་ཚང་དབུལ་པོར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པ་རེད།
    ཀྲུའུ་ཅཱ་ཅན་གྲོང་ཚོའི་བཀོད་སྒྲིག་ཁུལ་ཆུང་གི་ཁ་སྤྲོད་དུ། གཞོན་ནུ་ཤེས་ཡོན་ཅན་གྱི་དྲན་ཤེས་གླིང་ཞིག་བསྐྲུན་ཡོད་པར་ཡུལ་སྐོར་དུས་ཚིགས་སུ་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་པ་རེད། གྲོང་མི་ཀྲང་ཆའོ་ཨོ་ཡིས་ཐུག་པ་ཡག་པོ་བཟོ་ཤེས་ཀྱི་ཡོད་པས་དེ་གའི་བཟའ་བཏུང་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་ལ་ཟླ་རེར་ཡོང་འབབ་སྒོར་3000ཡོད་པ་རེད།“སྔོན་ཆད་རི་ཁུག་ཏུ་ཉིན་མཚན་དབྱེར་མེད་ངང་ལས་ཀ་བྱས་ཀྱང་ད་ཆའི་ལོ་ཕྱེད་ཀྱི་ཡོང་འབབ་ཀྱང་རག་གི་མི་འདུག”ཡོང་འབབ་མང་པོ་རག་ནས་འཚོ་བ་ཡག་ཏུ་ཕྱིན་པས་དགོང་མོར་རྟག་པར་གྲོགས་མོ་ཚོ་དང་མཉམ་དུ་ཐང་ཆེན་དུ་ཞབས་བྲོ་རྒྱག་པར་འགྲོ་གི་ཡོད་ཅེས་ཀྲང་ཆའོ་ཨོ་ཡིས་བཤད།
    “སྨན་བཅོས་ཀྱང་བྱེད་བདེ་པོ་འདུག”ཁུལ་ཆུང་གི་སྒོ་ཁར་གསར་དུ་བརྒྱབ་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་ཡོད། ནང་ནས་གྲོང་རྡལ་འཕྲོད་བསྟེན་ཁང་བར་རྐང་ཐང་མར་སྐྱོད་ཀྱང་སྐར་མ་10ལས་འགོར་གྱི་མེད། “དེ་དག་ལས་ཀྱང་གལ་ཆེ་བ་ནི་མཉམ་ལས་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུ་བྱེད་ཐུབ་པ་དེ་རེད”“མྱུར་བགྲོད་གཞུང་ལམ་སྟབས་ཧ་ཅང་བདེ་པོ་ཡོད་པས”ངས་སྔོ་ཚལ་ཡག་པོ་བཏབ་ནས་ཞིང་ཆེན་ཕྱི་རོལ་དུ་བཙོངས་བར་འགྲོ་རྒྱུའི་བསམ་བློ་གཏོང་གི་ཡོད་ཅེས་ཀྲུའུ་རེན་ལུའུ་ཡིས་བཤད།