འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་17ཉིན།

༄༅།།“ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་དྲ་ཐོག་དྲིས་ལན་འདེབས་པའི”རིམ་སྤེལ་བཅར་གླེང་ཐད་
གཏོང་ལ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཡག་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་15ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21ཉིན་ནས་ཟླ་5ཚེས་11ཉིན་བར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་ཐོག་སྔ་རྗེས་སུ “ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་དྲ་ཐོག་དྲིས་ལན་འདེབས་པའི”རིམ་སྤེལ་བཅར་གླེང་ཐད་གཏོང་ཐེངས་8སྒྲིག་འཛུགས་བྱས་ཡོད། ཟླ་5ཚེས་12ཉིན་གྱི་ཆུ་ཚོད་12བར་མི་ཐེངས་ཁྲི་2800ལྷག་ཙམ་གྱིས་དྲ་ཐོག་ཐད་གཏོང་བལྟས་པ་དང་། ཀློག་པ་པོ་ཁྲི་310ལྷག་ཙམ་གྱིས་མཉམ་འགུལ་འཕྲིན་ལན་བཞག་པ། ཁྱོན་ལྟ་ཀློག་བྱེད་ཚད་མི་ཐེངས་དུང་ཕྱུར་1.7ཟིན་པ། མོས་བསྟོད་བྱེད་ཚད་ཁྲི་570ལྷག་ཙམ་ཟིན་པ་བཅས་རེད།
    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཀློག་པ་པོའི་རེ་བར་བསྟུན་ནས་འདྲི་བ་130ལྷག་ཙམ་གསལ་འགྲེལ་བྱས་པ་དང་ཟླ་4ཚེས་9ཉིན“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་ཐོག་ཡོངས་བསྒྲགས་བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཟླ་4ཚེས་21ཉིན་ནས་བཟུང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་་གླིང) ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་མི་དམངས་སློབ་ཆེན། ཐེན་ཅིན་སློབ་ཆེན་སོགས་ཚན་པའི་ཏང་གི་ལོ་རྒྱུས་རིགས་གཅིག་མཁས་ཅན་24གདན་དྲངས་ནས་དྲ་ཐོག་དྲིས་ལན་འདེབས་པ་དང་སྤེལ་རེས་བྱས་པ་རེད། རྒྱ་ཆེའི་དྲ་གྲོགས་དེའི་ཁྲོད་ཧུར་ཐག་ཞུགས་པ་དང་། ཚ་ཚ་འུར་འུར་ངང་འདྲི་བར་ལན་འདེབས་པ། འཕྲིན་ཐུང་འཇོག་པ། སྤྲོ་སེམས་འཁོལ་པོས་མོས་བསྟོད་བཅས་བྱས་པ་དང་འབྲེལ། དྲ་ཐོག་དྲིས་ལན་འདེབས་པའི་ནང་དོན་དངོས་ཡོད་དང་། དབང་གྲགས་ལྡན་པ། ཆེད་ལས་བཅས་ཡིན་པ་དང་དེ་ནི་དྲ་སྦྲེལ་བརྒྱུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་འཚོལ་ཞིབ་ནུས་ལྡན་ཞིག་ཡིན་པ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས་དང་མྱོང་ཚོར་ཟབ་ཏུ་སོང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཀློག་པ་པོས་ཐད་གཏོང་བྱེད་སྒོས་འགྲེལ་བཤད་རྒྱག་པ་དེ་གྲངས་འཛིན་ཅན་གྱི་སྒོ་ནས་མངོན་པ་དང་པར་རིས་དང་། ཡི་གེ གཟུགས་བརྙན་བཅས་འབུར་གཟུགས་ཅན་གྱི་སྒོ་ནས་མངོན་པར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཡི་གེ་ཁོ་ནའི་ཐོག་ནས་མཚོན་པ་ནས་མཉམ་འདྲེས་སྨྱན་སྦྱོར་གྱི་ཐོག་ནས་མཚོན་རྒྱུར་རིམ་སྤོར་བྱས་པས་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།