འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།ཁྲིམས་འགལ་གྱིས་མེ་མདའ་བཟུང་བས་ཧྲི་ཝུན་ཆིང་གཞུང་གཏུག་བྱས་པ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཅང་ཞི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཧྲི་ཝུན་ཆིང་ལ་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་མེ་མདའ་བཟུང་བའི་དོགས་གཞི་ཡོད་པས་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་བྱེད་པ་དང་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་བྱེད་པ་མཇུག་བསྒྲིལ་ཞིང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པ་བརྒྱུད། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བརྒྱབ་པ་རེད། ཉེ་ཆར།ཉིང་པོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉིང་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་ཡོད།
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ནང་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཧྲི་ཝུན་ཆིང་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་ཧྲི་ཝུན་ཆིང་ལ་འདྲི་རྩད་བྱས་པ་དང་དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན་འཇོག་བྱས་པ་རེད།
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་ཧྲི་ཝུན་ཆིང་གིས་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ། ཀྲུང་གུང་ཅང་ཞི་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཀན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཅང་ཞི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་ལས་གནས་འཛིན་པའི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་གཉེར་བ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་ཤིང་། གྲངས་འབོར་ཧ་ཅང་ཆེ་བས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་ལ་བརྩིས་ནས་དེར་ཉེས་འགན་བདའ་འདེད་གཏོང་དགོས་པ་དང་། ཧྲི་ཝུན་ཆིང་གིས་མེ་མདའ་དོ་དམ་སྐོར་གྱི་གཏན་འབེབས་དང་འགལ་ནས་ཁྲིམས་འགལ་གྱིས་མེ་མདའ་བཟུང་ཡོད་པས་ཁྲིམས་ལྟར་ཁྲིམས་འགལ་གྱིས་མེ་མདའ་བདག་གིར་བཟུང་བའི་ནག་ཉེས་ལ་བརྩིས་ནས་དེར་ཉེས་འགན་བདའ་འདེད་གཏོང་དགོས། ཧྲི་ཝུན་ཆིང་མི་གཅིག་གིས་ནག་ཉེས་དུ་མ་བསགས་པས་ཁྲིམས་ལྟར་བྱས་ཉེས་དུ་མའི་ཉེས་ཆད་སྡེབ་གཅོད་བྱ་དགོས།