འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།2021ལོར་རྒྱལ་ཡོངས་སུ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཁྲི་909ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཚེས་13ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་པར་གཞིགས་ན། 2021ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མ་སྤྱིའི་བསྡོམས་འབོར་ཁྲི་909ཟིན་པ་དང་། དེ་དུས་མཚུངས་ལས་ཁྲི་35ཡིས་མང་དུ་ཕྱིན་ཡོད་པ་རེད། ན་ནིང་སྟོན་ཁའི་སློབ་དུས་ནས་བཟུང་། སློབ་གསོ་པུས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དུས་ཐོག་ཏུ་སྲིད་ཇུས་ཀྱི་བྱེད་ཐབས་བཏོན་ནས་“2021ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད”ལག་བསྟར་བྱེད་འགོ་བཙུགས་ཡོད། མིག་སྔར་2021ལོའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་རིམ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།