འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།ཨན་ཧུའེ་ཡི་ས་ཆ་ཞིག་ལ་ཡང་རིམས་ནད་བྱུང་འདུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཞི་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས་13ཉིན་གྱི་དགོང་མོར་བརྡ་ཁྱབ་བཏང་དོན། ཟླ་5ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཡས་མས་སུ། ལུའུ་ཨན་གྲོང་ཁྱེར་ཡུའུ་ཨན་ཁུལ་གྱིས་ཞིབ་བཤེར་མཇུག་འབྲས་གདགས་གཤིས་ཡིན་པའི་ཀྲང་ཆེ་གེ་མོ་དང་འབྲེལ་བ་དམ་ཟབ་བྱེད་མཁན་གྱི་ཆ་འཕྲིན་སྤེལ་བ་སྟེ། ཞིང་ཆེན་དང་གྲོང་ཁྱེར་གྱིས་གཅིག་འགྱུར་མཛུབ་སྟོན་འོག  ཧྥེ་ཞི་རྫོང་གིས་མགྱོགས་པོར་འབྲེལ་ཡོད་མི་སྣར་རིམས་ནད་རིག་པའི་བརྟག་དཔྱད་དང་ལོགས་བཀར། མ་དཔེ་ལེན་པ། ཞིབ་བཤེར་ལ་བསྐྱལ་བ་སོགས་ཀྱི་ལས་ཀ་སྤེལ་བ་རེད། ཆུ་ཚོད་15ཡས་མས་སུ། ཧོ་ཧྥེ་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ཞིང་ཆེན་ཕྱིའི་མི་སྣ་ལི་ཆེ་གེ་མོ་(མོ། ལོ་27)གདགས་གཤིས་ཡིན་ཞིང་། ཨན་ཧུའེ་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་བསྐྱར་བཤེར་བྱས་པའང་གདགས་གཤིས་སུ་མངོན་ཡོད། ཆུ་ཚོད་18ཡས་མས་སུ། ནད་པ་དེ་ཧོ་ཧྥེ་གྲོང་ཁྱེར་དམིགས་འཛུགས་སྨན་ཁང་དུ་ལོགས་བཀར་སྨན་བཅོས་བྱེད་པར་བསྐྱལ་ཡོད། 
   རིམས་ནད་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། ནད་པ་དེ་ཟླ་5ཚེས་8ཉིན་ཧྥེ་ཞིར་སླེབས་རྗེས། ཧྥེ་ཞི་ནས་ས་ཆ་གཞན་དུ་བསྐྱོད་མེད། མིག་སྔར། ཐོག་མའི་རིམས་ནད་རིག་པས་བརྟག་དཔྱད་བྱས་པ་ལས་ནད་པ་དེ་ཧྥེ་ཞི་ནས་འབྲེལ་བ་དམ་ཟབ་བྱེད་མཁན་དང་དེའི་འབྲེལ་བ་དམ་ཟབ་བྱེད་མཁན་ཁྱོན་མི་122ཡོད་པ་ཚང་མར་ལོགས་བཀར་ལྟ་ཞིབ་བྱས་ཡོད། ཐོག་མའི་ཞིབ་བཤེར་བྱས་འབྲས་ནི་ཚང་མ་སྲིབ་གཤིས་ཡིན་ཞིང་། གཞན་ས་ཆ་གཞན་པའི་འབྲེལ་བ་དམ་ཟབ་བྱེད་མཁན་དང་དེའི་འབྲེལ་བ་དམ་ཟབ་བྱེད་མཁན་ལ་ཞིབ་བཤེར་རམ་འདེགས་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད།