འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་1གཏུགས་བཤེར་དང་མི་1འཛིན་རྒྱུ་ཐག་བཅད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཚེ་རིང་དོན་གྲུབ་(ཐིང་རིམ་པ་གཞོན་པ)ལ་ལྐོག་ཟ་དང་ལྐོག་རྔན་ལེན་པ། མདའ་རྫས་ལྐོག་ཉར་གྱི་ནག་ཉེས་དོགས་གཞི་ཡོད་པའི་གྱོད་དོན། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བདག་སྐྱོང་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་པ་རེད།
   ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་གཏུགས་བཤེར་བྱེད་པའི་དུས་རིམ་ནང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ཚེ་རིང་དོན་གྲུབ་ལ་ཞུ་གཏུགས་དབང་ཆ་ཡོད་པ་བཤད་ཡོད་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་འདྲི་རྩད་བྱས་ཤིང་། བཤེར་རྩོད་དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན་ཡོད།
ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུགས་སྐྱོན་འཛུགས་བྱས་ཡོད་པ་སྟེ། ཞུ་སྦྱོར་ཕྱི་མ་བ་ཚེ་རིང་དོན་གྲུབ་ཀྱིས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བསམ་འགྲུབ་རྩེ་ཁུལ་གྱི་ཁུལ་ཨུད་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་བཅས་ཀྱི་ལས་གནས་སྟབས་བདེ་བེད་སྤྱད་ནས། མིང་ཐོ་རྫུན་མ་བཟོས་པའི་ཐབས་ཤེས་ཀྱིས་རྒྱལ་ཁབ་ཀྱི་མ་དངུལ་གཡོ་ལེན་བྱས་ཤིང་། གྲངས་འབོར་ཅུང་མང་བ་ཡོད། མི་གཞན་ལ་ལས་གྲྭ་རྣམ་གྲངས་སྒྲུབ་འགན་ལེན་པ་སོགས་ཀྱི་ཐད་ནས་ཁེ་ཕན་གཉེར་ཞིང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་དང་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ། མེ་མདའ་དོ་དམ་སྒྲིག་ཁྲིམས་དང་འགལ་ནས་ལྐོག་ཏུ་མདའ་རྫས་ཉར། གནས་ཚུལ་ཚབས་ཆེ། ཁྲིམས་ལྟར་ལྐོག་ཟ་དང་ལྐོག་རྔན་བླངས་པའི་ནག་ཉེས། མདའ་རྫས་ལྐོག་ཉར་གྱི་ནག་ཉེས་བཅས་ཀྱི་མིང་ཐོག་ནས་ཉེས་དོན་ཁག་འགན་བདའ་འདེད་བྱས།
    བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་རྫོང་ཨུད་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཟུར་པ་སྐལ་བཟང་དོན་གྲུབ་(ཁྲུའུ་རིམ་པ་རྒན་པ)ཀྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་དོན་དེ་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་མཇུག་སྒྲིལ་ནས། ཞིབ་བཤེར་ལས་ཁུངས་སུ་ཞིབ་བཤེར་གཏུགས་བཤེར་བྱེད་པར་བསྐྱལ་བ་རེད། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་བཤེར་ཁང་གིས་དམིགས་འཛུགས་བདག་སྐྱོང་བྱས་པ་བརྒྱུད། ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུགས་བྱས་པ་རེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་ཡོད་དོགས་ཀྱིས་སྐལ་བཟང་དོན་གྲུབ་འཛིན་བཟུང་བྱ་རྒྱུ་ཐག་བཅད། གྱོད་དོན་དེ་སྒྲུབ་བཞིན་པའི་སྒང་རེད།