འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།ལུས་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ས་ཡོམ་ལས་བྱུང་བའི་སེམས་ཀྱི་རྨ་ཁ་གསོ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཚེས་12ཉིན་ནི་དབུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་13འཁོར་བའི་ཉིན་རེད།
     ལོ་13གྱི་གོང་ས་ཡོམ་དེར་ཚེ་སྲོག་མང་པོ་ཞིག་ཤོར་བ་དང་ལོ་13གྱི་རྗེས་སུ་སྐྱོ་གདུང་དེ་རིམ་བཞིན་བསལ་ནས་ཕན་ཚུན་ལྟ་སྐྱོང་བྱེད་པའི་བརྩེ་སེམས་ཟབ་མོ་དེ་གར་འདུས་ཡོད། ས་ཡོམ་དེ་བརྒྱུད་མྱོང་མཁན་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་རེ་བ་གསར་པ་འཆང་བཞིན། ཁོ་ཚོས་ལུས་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ས་ཡོམ་ལས་བྱུང་བའི་སེམས་ཀྱི་རྨ་ཁ་གསོ་ཡི་ཡོད།
     ལོ་མང་གོང་གསར་འགོད་པས་པེ་ཅིང་དུ་རྒྱལ་སའི་ལུས་རྩལ་སློབ་གླིང་གི་རྐང་རྩེད་སྤོ་ལོའི་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་མ་ཁེར་བཅར་འདྲི་ཞུས་ཤིང་། ལོ་མང་སོང་རྗེས། ཁ་པར་གྱི་ཕར་སྣེའི་མ་ཁེས་ལོ་དེར་གནོད་འཚེ་ཕོག་པའི་ཕྲུ་གུ་ཚོར་སྔར་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
     དབུན་ཁྲོན་དུ་ས་ཡོམ་བརྒྱབ་རྗེས་ཁོང་སི་ཁྲོན་མན་དབྱང་གྲོང་ཁྱེར་ཅིའུ་ཀྲོའུ་ལུས་རྩལ་ཁང་གི་བཀོད་སྒྲིག་ཁུལ་དུ་སླེབས་ནས། “རེ་བས་ཁེངས་པའི་ཅིའུ་ཀྲོའུ”ཡི་དང་བླངས་པའི་ཚོགས་པར་ཞུགས་ཏེ་འཕྲོད་བསྟེན་རིམས་འགོག་དང་། དངོས་ཟོག་སྐྱེལ་འདྲེན། གུར་སྲུང་སྐྱོང་སོགས་ཀྱི་ཞབས་འདེགས་ལས་ཀ་ཁག་གཅིག་ཞུ་རོགས་བྱས་ནས་བསྡད།
     ལོ་དེའི་ཟླ་6པའི་ཟླ་འགོར་ཉིན་ལྟར་དགོང་མོའི་ཆུ་ཚོད་6པ་ནས་10པའི་བར། མ་ཁེས་དུས་ཚོད་ཏག་ཏག་ཏུ་ཅིའུ་ཀྲོའུ་ལུས་རྩལ་ཁང་ཉེ་འགྲམ་གྱི་ཐང་ཆེན་དུ་བསྐྱོད་དེ་ཕྲུ་གུ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་དང་རྐང་རྩེད་སྤོ་ལོ་རྒྱག་གི་ཡོད་པའི་ཁྲོད་ཀྱི་ཕྲུ་གུ་མི་ཉུང་བ་ཞིག་གནོད་འཚེ་ཚབས་ཆེན་ཕོག་པའི་པེ་ཁྲོན་ནས་སླེབས་པ་རེད།
     དང་ཐོག་ཁོ་ཚོས་རྒྱག་པའི་སྤོ་ལོ་ནི་ཞིག་རོའི་ཁྲོད་ནས་བསྒྲུགས་པ་ཞིག་ཡིན་པས་རྙིང་པ་རྙིང་རྐྱང་ཡིན་མོད། འོན་ཀྱང་དེ་མ་ཁེ་དང་ཕྲུ་གུ་ཚོའི“ནོར་བུ”ལྟ་བུར་གྱུར་ཡོད། རྐང་རྩེད་སྤོ་ལོ་རྒྱག་རིང་། ཁོ་ཚོའི་འཛུམ་མདངས་རིམ་བཞིན་མངོན་གྱི་ཡོད།
     ཁོང་གིས“སྐབས་དེ་དུས་ཀྱི་མྱོང་བ་ལས་ངས་རྐང་རྩེད་སྤོ་ལོའི་སློབ་གསོའི་ནུས་པ་སླར་ཡང་རྟོགས་བྱུང་། ཕྲུ་གུ་ཚོས་རྐང་རྩེད་སྤོ་ལོ་རྒྱག་རིང་རོགས་ཟླ་དང་། གཅེས་སྐྱོང་། རོགས་རེས་བཅས་ཚོར་བ་དང་། ཡིད་ཆེས་འཕེལ་བ་དང་ཚོགས་པའི་ལྟ་བ་སྒྲུབ་པ། རང་ངོས་དང་ད་ལྟའི་གནས་ཚུལ་ཤེས་རྟོགས། ཡིད་ཆེས་དང་ངར་ཤུགས་སླར་ཡང་འཕེལ་བ་བཅས་བྱུང་ཡོད”ཅེས་བཤད།
     ཕྲུ་གུ་ཚོ་སྤོ་ལོའི་ཐང་དུ་བརྒྱུགས་ནས་རྔུལ་ཆུས་ཁེངས་བཞིན་སྤོ་ལོ་རྒྱག་སྐབས་དེ་སྔ་ས་ཡོམ་གྱི་གནོད་འཚེ་ལས་བྱུང་བའི་སྐྱོ་གདུང་དང་ཞེད་སྣང་དེ་རྣམ་པ་གཞན་ཞིག་གིས་སེལ་ཐུབ་ཡོད།
     ལུས་རྩལ་གྱི་སྙིང་སྟོབས་ཀྱིས་མི་རྣམས་གནོད་འཚེ་ལས་སྒྲོལ་རོགས་བྱེད་ཐུབ་ལ། གནོད་འཚེས་ཀྱང་ལུས་རྩལ་གྱི་སྙིང་སྟོབས་འགོག་མི་ཐུབ།
     དབུན་ཁྲོན་ས་ཡོམ་ལ་ཏུང་ཧྲུན་ཅང་ནི་སི་ཁྲོན་ཀོང་ཡོན་ཆིང་ཁྲོན་རྫོང་མུ་ཡུས་སློབ་འབྲིང་གི་ཉལ་ཁང་གི་ཞིག་རོའི་འོག་མནན་པ་དང་། ཟླ་5ཚེས་13ཉིན་གྱི་ཉིན་དགུང་གཞི་ནས་རོགས་སྐྱོབ་མི་སྣས་སྐྱབས་པ་རེད།
     ཉིན་དེའི་དགོང་མོ་ཁོང་གི་རྐང་པ་གཡས་པ་གཅོད་དགོས་བྱུང་ཡོད།
     2009ལོར་སི་ཁྲོན་གྱི་རྐུབ་སྟེགས་འཁོར་ལོ་མའི་དྲ་བའི་སྤོ་ལོའི་རུ་ཁག་གི་རྩལ་ཁྲིད་པ་ཁྲེན་ལིན་ཆིང་ཁྲོན་དུ་རྐུབ་སྟེགས་འཁོར་ལོ་མའི་དྲ་བའི་སྤོ་ལོ་རྒྱག་མཁན་འདེམས་པར་སྐྱོད་སྐབས། ཏུང་ཧྲུན་ཅང་གི་བློ་སྟོབས་ལ་ཡིད་མགུ་པོ་བྱུང་སྟེ་ཏུང་ཧྲུན་ཅང་རྐུབ་སྟེགས་འཁོར་ལོ་མའི་དྲ་བའི་སྤོ་ལོའི་རུ་མིར་བཅུགས་པ་རེད།
     “རྐུབ་སྟེགས་འཁོར་ལོ་མའི་ཐོག་གི་སྙིང་སྟོབས་འཕེལ་བའི་ན་གཞོན”དེས་ཀུན་གྱི་རེ་བ་ཆུད་ཟོས་སུ་བཏང་མེད། 2016ལོའི་ཟླ་5ཚེས་28ཉིན་རི་པིན་ཐོ་ཁེའོ་རུ་རྐུབ་སྟེགས་འཁོར་ལོ་མའི་དྲ་བའི་སྤོ་ལོའི་འཛམ་གླིང་བུམ་པའི་ཚོགས་པའི་འགྲན་བསྡུར་ལ་ཏུང་ཧྲུན་ཅང་དང་རུ་མི་ཚོར་གཡུར་ཟའི་གྲུབ་འབྲས་ཐོབ་ནས། ཀྲུང་གོའི་སྐྱེས་པའི་རྐུབ་སྟེགས་འཁོར་ལོ་མའི་དྲ་བའི་སྤོ་ལོའི་འཛམ་གླིང་བུམ་པའི་ཨང་དང་པོ་ཐོག་མ་དེ་རག་པ་རེད།
     འདི་ལོའི་ཟླ་4ཚེས་14ཉིན་ཡུལ་ཤུལ་དུ་ས་ཡོམ་རིམ་པ་7.1བརྒྱབ་ནས་ལོ་11སོང་བ་དང་། ལོ་11གི་ནང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་གྱི་གཙང་པོའི་ཆུ་འགོ་དེར་གེགས་རྗེས་བསྐྱར་སྐྲུན་བྱས་པའི་ཡུལ་ཤུལ་ལ་མྱོང་ཚོར་བྱེད་པར་ཐེངས་མང་བསྐྱོད་ཡོད།
     བསྐྱར་སྐྲུན་བྱེད་སྐབས་ཡུལ་ཤུལ་གེགས་ཁུལ་གྱི་ཕྲུ་གུ་ཚོས་པང་ལེབ་གོག་ཧྲུལ་གྱིས་ཕིང་ཕང་སྤོ་ལོའི་སྒྲོམ་སྟེགས་བཟོས་ཏེ་ཕིང་ཕང་སྤོ་ལོ་རྒྱག་གི་ཡོད། རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་གྱི་ཁམས་པའི་སློབ་མ་ཚོས་ཞིག་རོའི་ཁྲོད་ཕན་ཚུན་འདེད་རེས་བྱེད་ཀྱི་ཡོད།
     ད་ཆ“ཁམས་པའི་འབྲོང་རྒོད་རྐང་རྩེད་སྤོ་ལོའི་རུ་ཁག”ས་མཐོར་སྐད་གྲགས་ཆོད་ཡོད། རྒྱལ་ཁབ་སྤྱི་གླིང་དུ་ལུས་སྦྱོང་ལ་རོལ་བ་དང་ཇོ་མོ་གླང་མ་འཛེགས་པ་སོགས་ཀྱི་ལུས་རྩལ་ལས་གནོད་འཚེ་བརྒྱུད་མྱོང་བའི་ཡུལ་ཤུལ་བ་ཚོར་སྟོབས་ཤུགས་གསར་པ་ཞིག་བྱིན་ཡོད།
     ཡུལ་ཤུལ་གྲོང་ཁྱེར་གྱི་རྫ་ཆུའི་ངོགས་དང་འཇའ་ཚོན་ཟམ་པའི་ཟུར་ནི“ཡུལ་ཤུལ་གྱི་རྒྱུངས་པར་རྨས་སྐྱོན་ཕོག་མཁན་ཚོའི་རེ་བའི་ཁྱིམ་གཞིས”རེད།
     “རེ་བའི་ཁྱིམ་གཞིས”དུ་ལོ་13ནས་65བར་གྱི་མི་65ཡོད་ཅིང་། ཁོ་ཚོའི་ཁྲོད་བཅུ་ཆ་དྲུག་ཡན་ནི་ཡུལ་ཤུལ་གྱི་ས་ཡོམ་ལ་རྒྱུངས་པར་རྨས་སྐྱོན་ཕོག་མཁན་ཤ་སྟག་རེད།
དེ་བས་བདེ་ཐང་གི་གཟུགས་གཞི་ཞིག་ཡོད་པ་བྱ་ཆེད། “རེ་བའི་ཁྱིམ་གཞིས”ཀྱིས་མི་7ལས་གྲུབ་པའི་རྐུབ་སྟེགས་འཁོར་ལོ་མའི་ལན་ཆིའུ་སྤོ་ལོའི་རུ་ཁག་ཅིག་བཙུགས་པ་དང་ཡུལ་ཤུལ་གྱི་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པས་ད་དུང་ཁོ་ཚོར་ཁང་ནང་ལན་ཆིའུ་སྤོ་ལོའི་ཐང་མཁོ་འདོན་བྱས་ཏེ། ཚང་མས་རྐུབ་སྟེགས་འཁོར་ལོ་མར་བསྡད་དེ་ཕན་ཚུན་འགྲན་བསྡུར་བྱས་ནས་གཟུགས་གཞི་ཐང་དུ་གཏོང་བ་དང་ཆབས་ཅིག་སྐྱོ་གདུང་བརྗེད་ཐབས་བྱེད་ཀྱི་ཡོད།