འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བྱིས་པའི་མི་འབོར་ཐད་ཀྱི་དོགས་པར་ལན་སྤྲད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་13ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་མཇུག་འབྲས་ལས་མངོན་གསལ། 2020ལོར་རང་རྒྱལ་གྱི་ལོ་0-14བར་གྱི་མི་འབོར་ཁྲི་25338ཡོད། གཞི་གྲངས་འདི་ནི་དེ་བསྟུན་གྱི་ལོར་ཁྱབ་བསྒྲགས་བྱས་པའི་གསར་སྐྱེས་མི་འབོར་དང་བསྡུར་ན་ཁྱད་པར་ངེས་ཅན་ཞིག་ལྡན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་12ཉིན་ལན་སྤྲད་དོན། ཁྱད་པར་འདི་ཤོར་དོན་ཐོག་མར་གཞི་གྲངས་འདི་གཉིས་ཀྱི་ཡོངས་ཁུངས་མི་འདྲ་བ་རེད། རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་བསྡོམས་རྩིས་རྟོག་ཞིབ་ལམ་ལུགས་ལ་གཞིགས་ན། ཡོངས་ཁྱབ་ཞིབ་བཤེར་ནི་ལོ་10རེར་ཐེངས་རེར་བྱེད་པ་རེད། ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་གཉིས་ཀྱི་བར་དཔེ་འཐེན་རྟོག་ཞིབ་བྱེད་པ་རེད།  ཡོངས་ཁྱབ་ཞིབ་བཤེར་ལོ་མ་ཡིན་པར་སྐྱེས་པའི་མི་འབོར་ནི་གཙོ་བོ་དཔེ་འཐེན་རྟོག་ཞིབ་ཀྱི་གཞི་གྲངས་ལ་བརྟེན་ནས་རིགས་འདེད་བྱས་པ་རེད། དཔེ་འཐེན་རྟོག་ཞིབ་ལ་ཧེ་བག་ལྡན་ཡོད་པས། དཔེ་འཐེན་ཚད་སྤྱད་ནས་སྤྱིའི་མི་འབོར་རིགས་འདེད་བྱེད་དུས་ཁྱད་པར་ངེས་ཅན་ལྡན་པས་གཞི་གྲངས་ཐོག་མངོན་པའི་ལོ་ཁ་ཤས་ཀྱི་གསར་སྐྱེས་མི་འབོར་ཅུང་ཉུང་ཡོད་པ་རེད། གཞན་ཡང་། ད་ཐེངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་རིགས་འདེད་བྱེད་མི་དགོས། ལྷག་པར་དུ་ཐེངས་འདིའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤྱད་ནས། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་ལ་ཤུགས་བརྒྱབ་ཡོད། ཡོངས་ཁྱབ་ཞིབ་བཤེར་ཡུལ་དངོས་ཀྱི་ཐོ་འགོད་ལ་ཡང་རྒྱ་ཆེའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད་པས། ཐོ་འགོད་རྒྱུར་ལུས་ཚད་ཆེས་ཆེར་དམའ་རུ་ཕྱིན་ཡོད། ཡོངས་བཤེར་ཐོ་འགོད་རྒྱུར་ལུས་ཚད་དེ་ 0.05%ལས་ཟིན་མེད་པ་དེའི་ཐོག་ནས་དེ་སྔ་ཐོ་འགོད་རྒྱུར་ལུས་པའི་མི་འབོར་མང་པོ་ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བརྒྱུད་ཐོ་འགོད་བྱས་ཡོད། གཞི་གྲངས་ཐོག་ནས་བལྟས་ན་དེ་མཚུངས་ལོ་ཚོད་ཀྱི་མི་འབོར་དེ་སྔོན་ཁྱབ་བསྒྲགས་བྱས་པའི་གསར་སྐྱེས་མི་འབོར་ལས་ཅུང་མང་བ་ཡོད་པ་མཐོང་ཐུབ།