འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།“ཐའེ་ཝན་རང་བཙན་”གྱི་ངན་རེངས་པའི་གསལ་ཐོའི་ནང་ཡང་མི་གཅིག་བཅུག་ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་13ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའིའཕྲིན། ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མགྲིན་ཚབ་པ་ཀྲུའུ་ཧྥེང་ལེན་གྱིས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་དྲི་བར་ལན་བསྐྱོན་པ་རེད།
     མི་དམངས་སྲིད་གྲོས་ཚགས་པར་གྱི་གསར་འགོད་པས་དྲིས་དོན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་ལས་ཁང་གིས་“རང་བཙན”ཆེད་ཀྱི་གཏམ་བརྗོད་བྱེད་མཁན་ཝུའུ་ཀྲའོ་ཞེ་ཡི་མིང་བསྟུད་མར་བཏོན་ཡོད་པས། གླེང་ཕྱོགས་ལ་ལས་ཚོད་དཔག་བྱས་ན། ཝུའུ་ཀྲའོ་ཞེ་སྐམ་ས་ཆེན་མོས“ཐའེ་ཝན་རང་བཙན”གྱི་ངན་རེངས་པའི་གསལ་ཐོའི་ནང་བཅུག་ཡོད་པ་རེད། མགྲིན་ཚབ་པས་དེའི་ཐད་ར་སྤྲོད་བྱེད་ཐུབ་བམ།
     ཀྲུའུ་ཧྥེང་ལེན་གྱིས་བསྟན་དོན། “ཐའེ་ཝན་རང་བཙན”གྱི་ངན་རེངས་པར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་བཀག་འགོག་བྱ་རྒྱུ་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུ་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་འོས་འགན་དང་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད།
     ཀྲུའུ་ཧྥེང་ལེན་གྱིས་བཤད་དོན། ཝུའུ་ཀྲའོ་ཞེ་ཡིས་ཡང་དང་བསྐྱར་དུ་སྨྱོ་ཧམ་ཆེན་པོས་་“ཐའེ་ཝན་རང་བཙན”གྱི་འཁྲུག་རྐྱེན་སློང་བ་དང་། བསམ་ངན་བཅངས་ནས་སྐམ་ས་ཆེན་མོར་དམའ་འབེབས་གཏོང་བ། ངོགས་གཉིས་ཁ་གཏད་དུ་ལངས་རྒྱུའི་ངན་སྐུལ་བཅས་བྱས་པའི་རྐྱེན་གྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། འདིའི་རིགས་ཀྱི“ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་ལ་ང་ཚོས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་ཆད་པ་ནན་པོ་གཅོད་རྒྱུ་དང་། ཁྲིམས་ལྟར་ཚེ་གང་འགན་འཁྲི་བདའ་འདེད་བྱེད་རྒྱུ་ཡིན།