འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་ན་རིམས་ནད་ཀྱི་རྐྱེན་གྱིས་འཛམ་གླིང་ལ་ཨ་སྒོར་དུང་ཕྱུར་ཁྲི་10ཡི་གྱོང་གུན་ཕོག་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་13ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཚེས་12ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་རིམས་ནད་མཆེད་དྲག་སྔོན་འགོག་དང་ཁ་གཏད་སྒེར་ཚུགས་ཚོགས་ཆུང་གིས་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་མངོན་གསལ། སྔོན་དཔག་བྱས་ན་2021ལོའི་ལོ་མཇུག་ཏུ་སླེབས་སྐབས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ལ་ཨ་སྒོར་དུང་ཕྱུར་ཁྲི་10ཡི་གྱོང་གུན་བཟོ་རྒྱུ་རེད། 2020ལོར་གོ་ལ་ཧྲིལ་པོར་ཉུང་མཐར་ཡང་སྨན་དོན་མི་སྣ་17000ལ་ཏོག་གསར་གློ་ཚད་རིམས་ནད་ཕོག་ནས་ཚེ་ལས་འདས་པ་དང་། འདས་ཟིན་པའི་ལོ་གཅིག་དང་ཕྱེད་ཀའི་ནང་གོ་ལ་ཧྲིལ་པོར་ཉུང་མཐར་ཡང་མི་དུང་ཕྱུར་1.5ལ་རིམས་ནད་འགོས་པ། མི་ཁྲི་300ལས་བརྒལ་བ་ཞིག་ཏོག་གསར་གློ་ཚད་རིམས་ནད་ཕོག་ནས་ཚེ་ལས་འདས་པ་རེད། ཚོགས་ཆུང་གིས་སྙན་ཞུའི་ནང་རིམས་འགོག་སྨན་ཁབ་བགོ་བཤའ་དྲང་གཞག་ཡོང་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་གཙོ་བདག་གིས་འགོ་ཁྲིད་གནང་བའི་གོ་ལ་ཧྲིལ་པོའི་བདེ་ཐང་འཇིགས་སྐུལ་ལས་འཛིན་ལྷན་ཚོགས་བཙུགས་ཏེ་སྔོན་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཐེངས་རྗེས་མའི་ཉམས་ཉེན་ལ་ཁ་གཏད་གཅོག་དགོས་པའི་གྲོས་འགོ་བཏོན་པ་རེད།