འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ཉིང་ཞ་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་13ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་11ཉིན་གྱི་ཆུ་ཚོད་10པ་ཙམ་ལ་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ཉིང་ཞའི་དུས་གཏན་མེ་འཁོར་ཐོག་མ་ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་ནས་ཐོན་འགོ་ཚུགས་པ་དང་། ད་རེས་ལྷོ་ཕྱོགས་སུ་ཐོག་མར་བཏང་བའི་དུས་གཏན་མེ་འཁོར་གྱིས་དངོས་ཟོག་ཁག་45སྐྱེལ་འདྲེན་བྱས་པ་དེའི་ལྗིད་ཚད་ལ་ཏུན་2500ཙམ་ཡོད་པ་དང་དངོས་ཟོག་གི་རིན་ཐང་སྒོར་ཁྲི་600ཙམ་ཟིན་གྱི་ཡོད།
     ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ནི་རང་རྒྱལ་གྱི་ནུབ་རྒྱུད་ཞིང་ཆེན་དང་སིང་ཀ་ཕོར་དབར་མཉམ་ལས་བྱས་ནས་བཏོད་པའི་རྒྱལ་སྤྱིའི་སྐམ་ས་དང་མཚོ་ཐོག་གི་ཚོང་དོན་གྱི་བགྲོད་ལམ་གསར་པ་ཞིག་ཡིན་པ་དེར་ཁྲུང་ཆིང་གིས་གཉེར་སྐྱོང་ལྟེ་གནས་དང་། ཀོང་ཤིས་དང་། ཀུའེ་ཀྲོའུ། ཀན་སུའུ། མཚོ་སྔོན། ཤིན་ཅང་སོགས་ནུབ་རྒྱུད་ཞིང་ཆེན་གྱིས་འགག་རྩའི་མཚམས་ཚིགས་སུ་བྱས་ཏེ་ལྕགས་ལམ་དང་། མཚོ་ཐོག་སྐྱེལ་འདྲེན། གཞུང་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་སྤྱད་ནས་ལྷོ་ཕྱོགས་ཀྱི་ཀོང་ཤིས་བྱང་རྒྱུད་མཚོ་ངོགས་བརྒྱུད་འཛམ་གླིང་ས་ཕྱོཌ་ཁག་ཏུ་འབྱོར་བས་རང་རྒྱལ་ཤར་རྒྱུད་ས་ཁུལ་ནས་རྒྱ་མཚོ་སྒྲོལ་བའི་དུས་ཚོད་ལས་དུས་ཡུན་ཐུང་དུ་ཞེ་དྲག་ཕྱིན་ཡོད།