འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།དམར་དམག་ལུང་པར་བསྐྱོད་ནས་མཚོ་སྔོན་ས་མཐོར་རྒྱང་སྐྱོད་བྱས་པའི་ལོ་རྒྱུས་ལ་རྗེས་དྲན་ཞུ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་13ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཟླ་4ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་གི་དམར་དམག་གི་བང་སོའི་མདུན་དུ་དགའ་བདེ་རྫོང་ཨུད་ཏང་གི་སློབ་གྲྭའི་བསམ་གྲུབ་སྒྲོལ་མས་སློབ་མའི་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་བཞིན་པ།
འདི་ནི་ཟླ་4ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་གི་དམར་དམག་གི་བང་སོའི་མདུན་དུ་དགའ་བདེ་རྫོང་ཨུད་ཏང་གི་སློབ་གྲྭའི་བསམ་གྲུབ་སྒྲོལ་མས་སློབ་མའི་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་བཞིན་པ།
     ཟླ་5པར་དྲོ་འཇམ་ཉི་མའི་དྲིན་གྱིས་ས་མཐོའི་གངས་འཁྱགས་རིམ་བཞིན་བཞུར་ཏེ་རི་ཀླུང་དང་རྩྭ་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། པད་མ་རྫོང་ནས་ཐོན་ཏེ་རླབས་ཕྲེང་ཆལ་ཆིལ་དུ་གཡོ་བའི་སྨར་ཁོག་གཙང་པོ་དེད་དེ་རླངས་འཁོར་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་ན། ད་གཟོད་ཡར་ཐང་ཤང་གི་རྩི་མདའི་དམར་དམག་ལུང་པའི་དྲན་གསོ་ཁང་གི་མདུན་དུ་སླེབས། དེ་གར“ཀྲུང་གོ་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ”དང“ཀྲུང་གོ་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་བཞི་པ”ཞེས་འཁོད་པའི་བརྗིད་ཉམས་ལྷག་པར་ཆེ་བའི་དར་དམར་གྱི་བརྐོས་བརྙན་ཞིག་ཡོད་པ་དེ་ནི་སྐབས་དེར་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱང་སྐྱོད་ལོ་རྒྱུས་ལ་དྲན་གསོ་ཞུ་ཆེད་རེད།
     1936ལོའི་ཟླ་7པར་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ། དེ་བཞིན་དམར་དམག་གི་སྤྱི་ཁྱབ་པུའི་མི་ཁྲི་3ལྷག་ཙམ་གྱིས་པད་མ་རྫོང་དུ་ངལ་གསོ་དང་། འབྲུ་རིགས་གྲབས་གསོག ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བཅས་བྱེད་པར་བསྐྱོད་དེ་རྫོང་དུ་ཉིན་20ལྷག་ཙམ་བསྡད་པ་དང་མཐར་ཀན་ལྷོ་བརྒྱུད་བྱང་ཕྱོགས་སུ་བསྐྱོད།
     འོན་ཀྱང་སྐབས་དེའི་རྩ་ཆེའི་ལོ་རྒྱུས་དེར་སྐབས་ཤིག་རིང་དོ་སྣང་དེ་ཙམ་མ་བྱུང་བས་ཤེས་མཁན་ཉུང་ཉུང་རེད། 
     “ཆུང་དུས་ནས་རྒན་རྒོན་ཚོས་འདས་དོན་དེ་གླེང་བ་གོ་མྱོང་། ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོས་ཧ་ལས་ཧང་སང་དགོས་པའི་ལོ་རྒྱུས་དེར་ཞུགས་པར་སེམས་གཏིང་ནས་སྤོབས་པ་སྐྱེ་ཡི་འདུག”ཡར་ཐང་ཤང་དམར་དམག་ལུང་པའི་དྲན་གསོ་ཁང་དུ་པད་མ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་རྒན་རྒོན་ཚོས“དམག་མི”དེ་དག་གཞན་དང་གཅིག་པ་མ་རེད། ཁོ་ཚོས་གྲོང་ཚོའི་ཁང་པར་བསྡད་ཀྱང་མེ་ཤིང་མང་ཚོགས་ཀྱི་ལྕི་ཕུང་ནས་ལེན་གྱི་མེད་ལ། ཆུ་ཡང་དེ་ནས་མ་བླངས་པར་རི་སྟེང་དུ་མེ་ཤིང་འཐུ་བ་དང་ཆུ་ལེན་པར་འགྲོ་ཡི་འདུག ཕྱིས་སུ་ཡུལ་མི་སྤུན་ཟླ་ཚོས་དམར་དམག་དྲན་དུས་དམར་དམག་གིས་དེ་སྔ་བརྒྱུད་མྱོང་བའི་རྩི་མདའ་ལུང་པར“དམར་དམག་ལུང་པ”ཞེས་འབོད་ཀྱི་ཡོད་ཅེས་བཤད།
     འཛད་མཐའ་མེད་པའི་སྟོབས་ཤུགས་དེ་དག་ངག་ཐོག་ནས་གཅིག་ལ་གཅིག་བརྒྱུད་ཀྱི་ལོ་རྒྱུས་ལ་སྤྱད་པས། དེ་སྔའི་གཏམ་རྒྱུད་མང་པོ་ཞིག་འཚོལ་བསྡུ་ལེགས་སྒྲིག་ཐུབ་ཡོད། ཉེ་བའི་ལོ་ཉི་ཤུ་སུམ་ཅུའི་རིང་། པད་མའི་དམར་དམག་རྒྱང་སྐྱོད་ལོ་རྒྱུས་ཞིབ་འཇུག་པའི་འབད་འཐབ་འོག་ཏར་འཕྲིན་དང་། དྲན་ཐོ། རིག་དངོས་བཅས་སླར་ཡང་མངོན་པས། དམར་དམག་འདི་གར་སླེབས་པ་ར་འཕྲོད་ཐུབ་ཡོད། 
     བཀྲ་ཤིས་དོན་གྲུབ་ཀྱིས་ཏར་འཕྲིན་པར་བཤུས་བརྒྱབ་པའི་པར་ཞིག་ལ་མཛུབ་མོ་བཙུགས་ཏེ“1936ལོའི་ཟླ་7ཚེས་8ཉིན་གྱི་ཏར་འཕྲིན་འདིའི་མ་ཡིག་ནང‘དཔུང་ཕྱོགས་སྒར་ཆེན་དྲུག་པ་དེ་རིང་རོང་ཡུལ་དུ་འབྱོར་ཡང་འབྲུ་རིགས་རྫོགས་ཟིན’ ‘རོང་ཡུལ’ནི་ད་ཆའི་པད་མ་རྫོང་གི་ལྕགས་རི་ཐང་དང་། ཡར་ཐང་། དྷི་མདའ་བཅས་ཤང་གསུམ་གྱི་སྤྱི་མིང་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཡན་གྱི་པད་མ་རྫོང་ནི་མཚོ་བོད་ས་མཐོར་དེ་ཙམ་མེད་པའི་ས་མ་འབྲོག་གི་ས་ཆ་ཞིག་ཡིན་པས། དམར་དམག་པད་མར་འབྲུ་རིགས་གྲབས་གསོག་བྱེད་པར་སླེབས་པར་རྒྱུ་མཚན་ཆེན་པོ་ཡོད”ཅེས་བཤད། 
     ཟངས་ཁོག་གཅིག་ལས་དེ་སྔའི་ལོ་རྒྱུས་མཚོན་ཐུབ་ཅིང་། བོད་རིགས་མི་སེར་གྱི་ལྟ་རྟོགས་ཐོབ་པས་དམར་དམག་འགྲོ་ཁར་སྤྱོད་མྱོང་བའི་ཟངས་ཁོག་དེ་འབྲོག་པ་བསོད་རྡོར་ལ་བྱིན་ནས་དམག་དམངས་དབར་གྱི་བརྩེ་བ་དང་རྒྱ་བོད་དབར་གྱི་མཛའ་གྲོགས་འགྱུར་བ་མེད་པ་མཚོན་པར་བྱས་ཡོད། ད་ཆ་ལོ་མང་ཉར་ཚགས་བྱས་པའི་ཟངས་ཁོག་དེ་བསོད་རྡོར་གྱི་རྗེས་རབས་པས་དྲན་གསོ་ཁང་ལ་ཕུལ་བ་དང་འགྲེམས་ཁང་གི་བང་ཁྲིའི་སྟེང་དུ་མི་རྣམས་ལ་སྔར་སོང་གི་འདས་འདོན་གླེང་བའི་ཚུལ་དུ་གནས།
     ཉེ་བའི་ལོ་ཤས་རིང་། པད་མར་དམར་དམག་གི་ལོ་རྒྱུས་དར་ཁྱབ་ཆེན་པོ་བྱུང་བ་དང་པད་མ་རྫོང་གི་གསར་བརྗེའི་མཛེས་ལྗོངས་ཁུལ་ཡང་ཟམ་མི་ཆད་པར་རིམ་པ་སྤར་བ་སྟེ། 2012ལོར་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུས་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་མིང་བཏགས་པ་དང་། 2016ལོར་རྒྱལ་ཡོངས་གསར་བརྗེའི་ཡུལ་སྐོར་ལས་དོན་མཐུན་ཚོགས་ཚོགས་ཆུང་གིས་རྒྱལ་ཡོངས་གསར་བརྗེའི་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་རྩེར་སོན་ཁག་གསུམ་པའི་གྲས་སུ་བཅུག་པ། 2017ལོར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་རིམ་པ་སྤར་བ་རེད། 
     བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར། 2020ལོར་དམར་དམག་ལུང་པའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་3ལྷག་ཙམ་ཟིན་ཡོད། འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་ཏག་ཏག་འཁེལ་གྱི་ཡོད། ལྟ་སྐོར་ལ་ཡོང་མཁན་གྱི་མི་གྲངས་ན་ནིང་ལས་མང་དུ་ཕྱིན་པ་ལས་ཉུང་དུ་ཕྱིན་མེད་པས“ལྔ་གཅིག”ཁོ་ནའི་སྔ་རྗེས་སུ་སྔོན་ནས་མངགས་མཁན་ལྟ་སྐོར་ཚོགས་པ་10ཡན་ཟིན་སོང་ཞེས་ངོ་སྤྲོད་བྱས།
     “དམར་དམག་ལུང་པར་ཡོང་ནས་དམར་དམག་གི་གཏམ་རྒྱུད་ཉན་གྱིན་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཚོར་བ་བྱེད་པ་ནི་ང་ཚོའི་ངོས་ནས་བརྗོད་ན་ཞུན་བརྡར་ཆེན་པོ་ཞིག་རེད”མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཨུད་ཀྱི་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་སྤྱི་གཞོན་པ་བསམ་གྲུབ་སྒྲོལ་མས། དགའ་བདེ་རྫོང་གི་སྐབས་བརྗེའི་འདེམས་བསྐོར་བདམས་ཐོན་བྱུང་མ་ཐག་པའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་གསར་པ་36གིས་ཏང་གི་སློབ་གྲྭའི་སྒྲིག་འཛུགས་འོག་མཉམ་དུ་དམར་དམག་ལུང་པར་ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་བསམ་བློའི་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་པར་ཁྲིད་ཡོད་ཅེས་བཤད། 
     ཆུ་ཕྲན་དེད་ནས་རི་སྐེད་དུ་སླེབས་སྐབས“དམར་དམག་གི་བང་སོ”ཞིག་ཡོད་ཅིང་། དེ་གར་རྒྱང་སྐྱོད་བྱེད་རིང་ཚེ་སྲོག་ཤོར་བའི་དམར་དམག་གི་སྔོན་གཤེགས་དཔའ་བོ་རྣམས་སྦས་ཡོད། ཡུལ་སྐོར་བ་མང་པོ་ཞིག་གིས་དེ་གར་གུས་མཇལ་ཞུ་བར་བསྐྱོད་དེ་དཀར་གཙང་མཇལ་དར་སྒྲོན་བཞིན་འདུག ཁོ་ཚོས་བང་སོའི་མདུན་དུ་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་པའི་སྐད་སྒྲའི་བྲག་ཅ་རི་ཀླུང་ཀུན་ཏུ་འཁོར་ཏེ་ལྷུང་ལྷུང་དུ་འབབ་པའི་རྒྱུག་ཆུ་དང་བསྡེབས་ནས་ནམ་ཡང་འཛད་མཐའ་མེད་པའི་སྙིང་སྟོབས་དང་སྟོབས་ཤུགས་གླེང་སྟེ་ཕྱི་རབས་པ་རྣམས་ལ་འབད་འབུངས་ཡར་བརྩོན་གྱི་སྐུལ་ལྕག་བྱེད་བཞིན་འདུག 
འདི་ནི་ཟླ་4ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་མས་པད་མ་རྫོང་གི་དམར་དམག་ལུང་པར་དམར་དམག་འཕྲང་ལམ་བརྒྱུད་ནས་འགྲོ་བཞིན་པ།
འདི་ནི་ཟླ་4ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་མས་པད་མ་རྫོང་གི་དམར་དམག་ལུང་པར་དམར་དམག་འཕྲང་ལམ་བརྒྱུད་ནས་འགྲོ་བཞིན་པ།