འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་12ཉིན།

༄༅།།ཨ་རིས་ངོས་ལེན་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་12ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིས་ངོས་ལེན་བྱས།
    མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡིས། ང་ཚོས་ཨ་རི་ཕྱོགས་ཀྱིས་ཚོགས་པའི་ཆབ་སྲིད་དང་ཤོག་ཁག་ཆུང་ཆུང་སྒྲིག་པར་མི་འབད་པར། ཁ་བཤད་ལག་ལེན་དང་ཁ་དན་ཚིག་གནས་ཐུབ་པའི་རེ་བ་བྱེད་ཡོད། 
    2021ལོའི་ཟླ་5ཚེས་11ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། ནང་དོན་ཁག་ཅིག་གཤམ་གསལ་ལྟར། 
   དྲི་བ། ང་ཚོས་དོ་སྣང་བྱུང་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་“ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་”བྱེད་པའི་མཐོ་རིམ་གྲོས་ཚོགས་སུ། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིང་ཁེན་གྱིས་ཨ་རིའི་ཉེ་བའི་ལོ་འགའི་རིང་གི་བྱ་སྤྱོད་ཀྱིས་སྒྲིག་སྲོལ་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་གཏོར་བརླག་བཏང་བ་ངོས་ལེན་བྱས་པ་དང་། ཨ་རི་ཕྱོགས་མང་སྒྲིག་གཞིའི་ནང་ཞུགས་དང་ཞུགས་མུས་ཡིན་པ་བསྟན། དེའི་ཐད་ཀྲུང་གོ་ཕྱོགས་ལ་དཔྱད་བརྗོད་གང་ཡོད་དམ། 
    ལན། རྒྱལ་སྲིད་ཨུ་ཡོན་ཝང་དབྱི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐོག  མིང་དོན་མཚུངས་པའི་ཕྱོགས་མང་རིང་ལུགས་དེ་ལག་བསྟར་བྱེད་དགོས་ན། མཉམ་ལས་མཉམ་རྒྱལ་བྱེད་དགོས་པ་ལས། རྒྱལ་མེད་ཀྱི་འགྲན་རྩོད་བྱེད་མི་རུང་། འདྲ་མཉམ་དྲང་བདེན་བྱེད་པ་ལས་བཙན་ཤེད་བྱེད་མི་རུང་། བྱ་སྤྱོད་སྤེལ་བར་གཅིག་འདུས་བྱེད་པ་ལས། རང་སར་བསྡད་ནས་གཞན་ལ་གནས་ལུགས་བཤད་མི་རུང་། སྣ་མང་ལ་བརྩི་འཇོག་བྱེད་པ་ལས། ང་ཆེ་ང་བཙན་བསམ་མི་རུང་།  འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རེ་སྨོན་ཡིན་ལ། དེང་སྐབས་འཛམ་གླིང་གི་འགྲོ་ཕྱོགས་དང་ཡང་མཐུན་ཞེས་ནན་བཤད་བྱས་པ་ལྟར་རེད། 
   འདས་ཟིན་པའི་དུས་རིམ་ཞིག་ལ་ཨ་རི་ཡིས་རྒྱལ་སྤྱིའི་ཐོག“རང་གི་རྒྱལ་ཁབ་སྔོན་ལ་འཇོག་པ”ལག་བསྟར་བྱས་ནས། ཚོགས་པ་ལས་ཕྱིར་འཐེན་མང་པོ་བྱས་ནས། ཕྱོགས་མང་རིང་ལུགས་ལ་གཏོར་བརླག་ཚབས་ཆེན་བཟོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་ཉམས་དམས་སུ་བཏང་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་གྱིས་ཐེངས་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐོག་ཏུའང་ཨ་རིའི་ཉེ་བའི་ལོ་འགའི་རིང་གི་བྱ་སྤྱོད་ཁ་ཤས་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ཉམས་དམས་སུ་བཏང་སྲིད་ཡོད་པ་མ་ཟད། རྒྱལ་ཁབ་ཁ་ཤས་ལ་དོགས་པ་བཟོས་ཡོད་ཅེས་ངོས་ལེན་བྱས། 
    ཨ་རི་ཕྱོགས་ཀྱིས་ཉེ་ཆར་ཐེངས་མང་པོར་ཕྱོགས་མང་སྒྲིག་གཞི་དང་ཕྱོགས་མང་གྲོས་ཆོད་ནང་བསྐྱར་དུ་ཞུགས་རྒྱུ་དང་། ཕྱོགས་མང་འོས་འགན་སྒྲུབ་འདོད་པ་བསྟན་ཡོད། ཡིན་ནའང་། ང་ཚོས་ཨ་རི་ཕྱོགས་ཀྱིས་དོན་དངོས་སུ་ཕྱོགས་མང་རིང་ལུགས་ཀྱི་མིང་ཐོག་ནས་བཙན་ཤེད་རིང་ལུགས་ལག་བསྟར་བྱེད་བཞིན་ཡོད་པ་མཐོང་། ང་ཚོས་ཨ་རི་ཕྱོགས་ཀྱིས་ཚོགས་པའི་ཆབ་སྲིད་དང་ཤོག་ཁག་ཆུང་ཆུང་སྒྲིག་པ་ལ་མི་འབད་པར། ཁ་བཤད་ལག་ལེན་དང་ཁ་དན་ཚིག་གནས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ལམ་ལུགས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བཞག་པའི་དམ་བཅའ་ནན་གྱིས་སྲུང་ཤིང་།  མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་དང་། རྒྱལ་སྤྱིའི་ཁྲིམས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། མིང་དོན་མཚུངས་པའི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པའི་རེ་བ་ཡོད།