འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་11ཉིན།

༄༅།།མཚོ་སྔོན་གྱི་འོད་ཤུགས་གློག་ཁང་ནས་ཉིན་རེར་གློག་གཏོང་ཚད་སླར་ཡང་ཚད་གཞི་མཐོ་ཤོས་བཏོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་11ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན་མཚོ་སྔོན་གྱི་འོད་ཤུགས་གློག་ཁང་ནས་ཉིན་རེར་གློག་གཏོང་ཚད་འདི་ལོ་ཚད་གཞི་མཐོ་ཤོས་ཐེངས་བདུན་པ་བཏོད་དེ་ཆན་ཝ་ཆུ་ཚོད་ཁྲི་8304ཟིན་པ་དང་གློག་གཏོང་ཚད་ཀྱི་བསྡུར་གྲངས་བཟུང་ཚད་29.9%ཟིན་པ་དེ་དེ་སྔའི་ཚད་གཞི་མཐོ་ཤོས(ཟླ་4ཚེས་30ཉིན)ཆན་ཝ་ཆུ་ཚོད་8134དང་གློག་གཏོང་བའི་བསྡུར་གྲངས་བཟུང་ཚད(28.3%)ལས་བརྒྱ་ཆའི་གྲངས་1.6གིས་མཐོ་བ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་ཉིན་རེའི་གློག་སྤྱོད་ཚད་ཀྱི་36.7%བཟུང་ཡོད། དེ་གོང་གི་ཟླ་གཉིས་པ་དང་གསུམ་པར་མཚོ་སྔོན་གྱིས་ནུས་རྒྱུ་གསར་པ་ནས་ཟླ་བ་གཉིས་བསྟུད་མར་གློག་གཏོང་ཚད་ཀྱི་བསྡུར་གྲངས་བཟུང་ཚད་40%ཡན་ཟིན་པ་དང་ཆུ་གློག་གཏོང་ཚད་ལས་བརྒལ་ནས་ཞིང་ཆེན་ནང་ཁུལ་གྱི་གློག་ཁུངས་གཙོ་བོར་གྱུར་ཡོད།
     མིག་སྔར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་འོད་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1601ཟིན་པ་དེ་ནི་ཞིང་ཆེན་ནང་ཁུལ་གྱི་གློག་ཁུངས་ཆེ་གྲས་ཨང་དང་པོ་དེ་རེད། ལོ་འགོ་ནས་བཟུང་མཚོ་སྔོན་གྱི་འོད་ཤུགས་གློག་ཁང་ནས་གློག་གཏོང་ཚད་རྟག་ཏུ་ཚད་གཞི་མཐོ་ཤོས་བཏོད་པ་དང་གློག་གཏོང་ཚད་ཀྱི་བསྡུར་གྲངས་བཟུང་ཚད་ཟམ་མི་ཆད་པར་འཕར་ནས། གློག་དྲ་འཁོར་སྐྱོད་དོ་དམ་དང་ནུས་རྒྱུ་གསར་པའི་བསྡུ་ཉར་གཙང་སེལ་ལས་དོན་ཚང་མར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པ་རེད།