མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཀྲུང་གོ་རྫས་འགྱུར་བཟོ་ལས་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་
པར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་10ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ལི་ཁེ་ཆང་གིས་ཀྲུང་གོ་རྫས་འགྱུར་བཟོ་ལས་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་སྦྲགས།  བསྐྱར་སྒྲིག་བསྡུ་སྒྲིལ་དང་སྒྱུར་བཅོས་ཟབ་གཏོང་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་གཉེར་སྐྱོང་གི་སྤུས་ཚད་ཕན་འབྲས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྫས་འགྱུར་བཟོ་ལས་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི་འཛུགས་པའི་ཚོགས་ཆེན་ཟླ་5ཚེས་8ཉིན་པེ་ཅིང་དུ་འཚོགས་པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་འགོད་མཛུབ་སྟོན་ནང་། ཀྲུང་གོ་རྫས་འགྱུར་བཟོ་ལས་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི་བསྐྱར་སྒྲིག་བྱས་པ་ནི་གཞུང་ཁོངས་དཔལ་འབྱོར་གྱི་གྲུབ་ཆ་དང་བཀོད་པ་ལེགས་སུ་བཏང་ནས་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་དང་རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་ནན་ཏན་བྱས་ནས་བསྐྱར་སྒྲིག་བསྡུ་སྒྲིལ་དང་སྒྱུར་བཅོས་ཟབ་གཏོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལས་རིགས་དེའི་སྣེ་ཁྲིད་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྫས་འགྱུར་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་དང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། གཉེར་སྐྱོང་གི་སྤུས་ཚད་ཕན་འབྲས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
    རྒྱལ་དོན་ཨུ་ཡོན་ཝང་ཡུང་ཀུང་སི་འཛུགས་པའི་ཚོགས་ཆེན་ལ་ཕེབས་པ་དང་སྦྲགས་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ཀྲུང་གོ་རྫས་འགྱུར་བཟོ་ལས་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི་བསྐྱར་སྒྲིག་ལས་དོན་ཏན་ཏིག་བསྒྲུབས་ཏེ། རང་རྒྱལ་གྱི་ཞིང་ལས་དང་རྫས་འགྱུར་བཟོ་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་ཇུས་གསར་པ་འདིང་བ་བཅས་ཀྱི་ཐད་ནུས་པ་སྔར་བས་ཆེན་པོ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"