འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་10ཉིན།

༄༅།།རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ་གྲོང་གསེབ་ཡུལ་སྐོར་གྱི་
སློབ་སྦྱོང་ཉམས་ལེན་ལམ་ཐིག་ཁག་300བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་10ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་གསལ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་གྲོང་གསེབ་ཡུལ་སྐོར་གྱི་དགོས་མཁོ་དང་འཚམ་པར་བྱེད་པ་དང་། གྲོང་གསེབ་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་དེ་བས་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ནས། “ལོ་རྒྱུས་བཞིའི”ཆེད་དོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། ཉེ་དུས་རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ“དབུལ་སྒྲོལ་གྲུབ་འབྲས་ཉམས་སུ་ལེན། གྲོང་གསེབ་དར་རྒྱས་རམ་འདེགས་བྱེད”ཅེས་པའི་གྲོང་གསེབ་ཡུལ་སྐོར་གྱི་སློབ་སྦྱོང་ཉམས་ལེན་ལམ་ཐིག་ཁག་300བཏོན་ཡོད།
    སློབ་སྦྱོང་ཉམས་ལེན་ལམ་ཐིག་གིས་གསར་བརྗེའི་རིག་གནས་ཐོན་ཁུངས་དང་ལྗང་མདོག་སྐྱེ་ཁམས་ཐོན་ཁུངས་ཟུང་འབྲེལ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས་དང་གྲུབ་འབྲས་མངོན་པར་བྱས་ཡོད། གྲོང་གསེབ་ཡུལ་སྐོར་གྱི་སློབ་སྦྱོང་ཉམས་ལེན་ལམ་ཐིག་ཁག་300ཡི་ནང་ཡུལ་སྐོར་བས་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་ལྟ་རིང་གྲོང་གསེབ་ཏུ་ཐོན་པའི“ལོ་རྒྱུས་བཞིའི”གཏམ་རྒྱུད་ཤེས་རྟོགས་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་རྩ་ཆེའི་ཉམས་མྱོང་དང་རླབས་ཆེའི་གྲུབ་འབྲས་ཤེས་རྟོགས་བྱེད་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། མདུན་སྐྱོད་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ། དབུལ་སྒྲོལ་གྱི་གྲུབ་འབྲས་མྱོང་རོལ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།
    གྲོང་གསེབ་ཡུལ་སྐོར་གྱི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཚོད་རྩིས་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་མི་ཐེངས་དུང་ཕྱུར་9.84ལ་སྣེ་ལེན་ཞུས་པ་དེ་2019ལོའི་དུས་ཚིགས་དང་པོ་དང་བསྡུར་ན་5.2%འཕར་བ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3898ཟིན་པ་དེ་2019ལོའི་དུས་ཚིགས་དང་པོ་ལས་2.1%འཕར་ཡོད། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ཐུབ་སྟེ་གྲོང་གསེབ་དཔལ་འབྱོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་དང་རྫོང་དང་ཤང་གི་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།