འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་8ཉིན།

༄༅།།ཀྲུང་གོ་མེད་ན་ང་ཚོས་ཐག་མི་ཆོད།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་08ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་མེད་ན་ང་ཚོས་ཐག་མི་ཆོད།
    མི་དམངས་དྲ་བའི་འཕྲིན། མའོ་ཁེར་གྱིས་ཡོ་རོབ་དང་ཀྲུང་གོའི་དངུལ་འཇོག་གྲོས་ཆོད་ནི་གཉིས་ཕན་མཉམ་ཁེ་ཡིན་ཟེར། 
    འཇར་མན་གྱི་ཙུང་ལི་མའོ་ཁེར་གྱིས་ཚེས་5ཉིན་བཤད་དོན། ཡོ་རོབ་དང་ཀྲུང་གོའི་དངུལ་འཇོག་གྲོས་ཆོད་ལ་ཆོག་མཆན་སྤྲོད་པའི་གོ་རིམ་ཁྲོད་དཀའ་ཁག་འགའ་རེར་འཕྲད་སྲིད་ན་ཡང་། འདི་ནི་དམ་བཅའ་གལ་ཆེན་ཞིག་ཡིན་པས། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀས་འདི་ལ་བརྟེན་ནས་གཉིས་ཕན་མཉམ་ཁེ་ཡོང་རྒྱུ་ཡིན། 
   འཇར་མན་མཉམ་འབྲེལ་ཏང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཏང་ཚོགས་ཀྱིས་ཉིན་དེར་ནུབ་རྒྱ་མཚོ་ཆེན་པོ་བརྒལ་བ་དང་འབྲེལ་བ་ཡོད་པའི་བརྙན་འཕྲིན་ཚོགས་འདུ་འཚོགས་པ་དང་། མའོ་ཁེར་གྱིས་ཚོགས་འདུའི་ཐོག་ཏུ་གཏམ་བཤད་སྤེལ། མོ་རང་གིས། “ཡོ་རོབ་དང་ཀྲུང་གོའི་དངུལ་འཇོག་གྲོས་ཆོད་ཀྱིས་ང་ཚོའི་ཁྲོམ་རར་ཞུགས་ཆོག་པའི་ཐད་ལ་ཁེ་ཕན་སྔར་བས་མང་བ་སྤྲོད་ཐུབ་ངེས།”གྲོས་ཆོད་ཀྱི་དོན་ཚན་ཁ་ཤས་ཀྱིས་ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དེ་གཉིས་ཀར་ཕན་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འཇུག་རྒྱུ་རེད་ཅེས་བཤད། 
མའོ་ཁེར་གྱིས། ཀྲུང་གོ་འཕེལ་རྒྱས་ཡོང་བ་ནི་འཇར་མན་གྱི་ཁེ་ཕན་དང་མཐུན། “གནམ་གཤིས་འགྱུར་ལྡོག་དང་། འཛམ་གླིང་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་གནད་དོན་དང་། ཡང་ན་རྒྱལ་སྤྱིའི་གནད་དོན་གཞན་དག་གང་ཡིན་རུང་། ཀྲུང་གོ་མེད་པའམ་ཡང་ན་ཀྲུང་གོར་རྒོལ་ན། ང་ཚོ་ཚང་མས་ཐག་གཅོད་བྱ་མི་ཐུབ། ཀྲུང་གོས་ཁས་བླངས་པའི་གནམ་གཤིས་སྲུང་སྐྱོང་དམིགས་འབེན་ཏེ། 2030ལོའི་སྔོན་དུ་ཐན་འབུད་རྩེ་མཐར་སོན་པ་དང་། 2060ལོའི་སྔོན་དུ་ཐན་འབུད་སྙོམས་པོར་འགྱུར་བ་བྱེད་རྒྱུ་ཚང་མ་ནི་སྣེ་མང་རིང་ལུགས་ལ་སྐུལ་མ་གཏོང་བའི་བརྡ་རྟགས་བཟང་པོ་རེད”ཅེས་བཤད། 
   2020ལོའི་ཟླ་12ཚེས་30ཉིན། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀས་ཀྲུང་གོ་དང་ཡོ་རོབ་ཀྱི་དངུལ་འཇོག་གྲོས་ཆོད་དུས་ལྟར་ལེགས་འགྲུབ་བྱུང་བ་མཉམ་དུ་ཁྱབ་བསྒྲགས་བྱས། 2020ལོའི་ལོ་སྨད་ལ་ཡོ་རོབ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ངོས་ནས། འཇར་མན་དང་མའོ་ཁེར་སྒེར་གྱིས་དེའི་ཐད་ལ་ཡོ་རོབ་ནང་ཁུལ་དུ་སྐུལ་ནུས་གལ་ཆེན་ཐོན་ཡོད། རེད་དེ། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་ཟླ་འདིའི་ཚེས་4ཉིན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་དུས། ཡོ་རོབ་དང་ཀྲུང་གོས་ཕན་ཚུན་ལ་བཀག་སྡོམ་བྱས་རྗེས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་ཇེ་སྡུག་ཏུ་གྱུར་བ་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཆོད་དེར་ཆོག་མཆན་སྤྲོད་རྒྱུ་ནི་གནས་སྐབས་སུ་མཚམས་བཞག་ཡོད་ཟེར།