འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་7ཉིན།

༄༅།། G7ལ་ཕྱི་འབྲེལ་པུའུ་ཡིས་སྐྱོན་བརྗོད་དྲག་པོ་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་07ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།། G7ལ་ཕྱི་འབྲེལ་པུའུ་ཡིས་སྐྱོན་བརྗོད་དྲག་པོ་བྱས།
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་།
    གསར་འགོད་པ་ཞིག་གིས། ཚེས་5ཉིན། རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་རིགས་ཚོགས་འདུ་ཡིས་སྤྱི་བསྒྲགས་སྤེལ་བའི་ནང་། ཞིན་ཅང་དང་བོད། ཐའེ་ཝན་བཅས་དང་འབྲེལ་བའི་གནད་དོན་དང་།  དེ་བཞིན་དུ་ཤར་རྒྱ་མཚོ་དང་ལྷོ་རྒྱ་མཚོ་ཡི་གནས་བབ་ལ་དོ་ཁུར་ཆེན་པོ་བྱས་འདུག  ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བརྗོད་འདུག  ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་བརྗོད་གང་འདྲ་ཡོད་དམ་ཞེས་དྲིས་པ་ལ། 
   ཝང་ཝུན་པིང་གིས། རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་རིགས་ཚོགས་འདུ་ཡིས་ཀྲུང་གོ་ལ་ཁུངས་ལུང་མེད་པའི་སྐྱོན་བརྗོད་བྱས་ཤིང་། འཛེམ་བག་མེད་པར་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་ནས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ལྡོག་ནས་འགྲོ་བའི་ཚོགས་པའི་ཆབ་སྲིད་སྤེལ། འདི་ནི་ཀྲུང་གོའི་བདག་དབང་ལ་འཛེམ་བག་མེད་པར་ཐེ་གཏོགས་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་ལ་གང་འདོད་གཏོར་བརླག་བྱེད་པ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་འགྲོ་ཕྱོགས་དང་འགལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདིའི་ཐད་ལ་སྐྱོན་བརྗོད་དྲག་པོ་བྱ་རྒྱུ་ཡིན་ཞེས་ལན་བཏབ། 
   ཞིན་ཅང་དང་བོད། ཞང་ཀང་བཅས་དང་འབྲེལ་བའི་གནད་དོན་ཚང་མ་ནི་ཀྲུང་གོའི་ནང་སྲིད་རེད། ཀྲུང་གོའི་ཏིའོ་ཡུའུ་ཏའོ་གླིང་ཕྲན་དང་དེའི་ཁོངས་གཏོགས་ཀྱི་གླིང་ཕྲན་ཆུང་བ། ལྷོ་མཚོའི་གླིང་ཕྲན་ཁག དེ་བཞིན་དེ་དག་གི་ཉེ་འཁོར་མཚོ་ཁོངས་ཀྱི་བདག་དབང་དང་ཁེ་དབང་ལ་དོན་དངོས་གང་མང་དང་ཁྲིམས་གཞིའི་ཁུངས་གཏུགས་ས་ཡོད། ཀྲུང་གོའི་ཐའེ་ཝན་ས་ཁུལ་རྒྱལ་སྤྱིའི་རྩ་འཛུགས་ཏེ་བདག་དབང་རྒྱལ་ཁབ་ཀྱིས་གྲུབ་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བྱེད་སྒོ་ཚུད་པའི་ནང་ཞུགས་པར། ཀྲུང་གོ་གཅིག་གི་རྩ་དོན་ལ་གཞིགས་ནས་ཐག་གཅོད་བྱེད་དགོས། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་རྟགས་2758དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་ཆོད་ཨང་རྟགས་25.1ཡིས་གཏན་འཁེལ་བྱས་པའི་རྩ་དོན་གལ་ཆེན་རེད། 
    རྒྱལ་ཁབ་བདུན་གྱི་ཚོགས་པ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཚོགས་པ་ཡིན་པའི་ངོས་ནས། འཛམ་གླིང་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་མགྱོགས་པོར་འགྲོ་བར་དངོས་དོན་གཉེར་རོགས་བྱེད་པ་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འགལ་བ་དང་གདོང་ཐུག་བཟོས་ནས། གོ་ལ་ཧྲིལ་བོའི་དཔལ་འབྱོར་སླར་གསོའི་འཕེལ་རིམ་ལ་བཀག་འགོག་བྱ་རྒྱུ་དེ་མ་རེད། 
    རྒྱལ་ཁབ་བདུན་གྱི་ཚོགས་པའི་ནང་རིམས་ནད་ཆེས་ཚབས་ཆེ་བ་དང་སྨན་བཅོས་ལག་རྩལ་ཆེས་སྔོན་ཐོན་ཅན་གྱི་རྒྱལ་ཁབ་འདུས་ཡོད་པས། རྒྱལ་སྤྱིའི་རིམས་འགོག་ཐད་ཀྱི་མཉམ་ལས་ལ་གཅིག་འདུས་བྱེད་པ་དང་། འགོག་ཁབ་འདྲ་མཉམ་ངང་བགོ་བཤའ་རྒྱག་པའི་ཐད་ལ་སྐུལ་འདེད་བྱེད་འོས་པ་ལས། རང་ཉིད་བསམ་ནས་འགོག་ཁབ་གསོག་རྒྱུ་དེ་མ་རེད་ལ། རྒྱལ་ཁབ་གཞན་པར་རོགས་རམ་ཐད་རྣམ་འགྱུར་སྟོན་ཙམ་དང་། གཞན་ལས་མཐོ་བའི་སེམས་ཁམས་ཀྱིས་རྒྱལ་ཁབ་གཞན་ལ་འཛེམ་མེད་ཀྱི་སྐྱོན་བརྗོད་དང་ཐེ་གཏོགས་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཏེ་མིག་སྔའི་དོན་དག་གལ་ཆེན་ལ་བཀག་འགོག་བཅས་དེ་བས་བྱེད་མི་འོས། 
    རྒྱལ་ཁབ་བདུན་གྱི་ཚོགས་པས་རང་ཉིད་ནི“དམངས་གཙོ་རྒྱལ་ཁབ”ཡིན་པར་འདོད། ཡིན་ནའང་། དམངས་ཁྲོད་ཀྱི་བརྟག་དཔྱད་གསར་པ་ལས་མངོན་གསལ། རྒྱལ་ཁབ་དང་ས་ཁུལ་53ཡི་བཅར་འདྲི་དང་ལེན་བྱེད་མཁན་གྱིས་ཨ་རི་ནི་གོ་ལ་ཡོངས་ཀྱི་དམངས་གཙོར་འཇིགས་སྐུལ་ཆེ་ཤོས་དེར་ངོས་འཛིན་གྱི་ཡོད་པ་དང་། རྒྱལ་ཁབ་བདུན་གྱི་ཚོགས་པས་དེའི་ཐད་ལ་རྣམ་འགྱུར་དང་བྱ་སྤྱོད་གང་ཡང་བསྟན་ཡོད་པ་མ་མཐོང་། 
    ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་རང་ཉིད་ལ་ཡོད་པའི་གནད་དོན་ལ་དྲང་པོར་བལྟས་ནས། རིམས་འགོག་གནད་དོན་ཐད་རང་འདོད་རང་ཁེ་ཡི་བྱ་སྤྱོད་ཡོ་བསྲང་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཁྱབ་འགྱུར་བྱེད་པའི་ནོར་འཁྲུལ་གྱི་བྱ་སྤྱོད་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་སྣང་མེད་དུ་བཞག་ནས། ཁ་གཡོར་ས་འདྲ་མིན་བཙལ་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་། ཀྲུང་གོའི་བདག་དབང་ལ་གནོད་བྱེད་པ། ཀྲུང་གོའི་སྣང་བརྙན་ངན་པ་བཟོ་བའི་བསམ་ངན་གཏན་ནས་འགྲུབ་མི་སྲིད།