འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་6ཉིན།

༄༅།།སྒོར་དུང་ཕྱུར་1132.3

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་06ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྒོར་དུང་ཕྱུར་1132.3
     མི་དམངས་དྲ་བའི་འཕྲིན།  གསར་འགོད་པས་རིག་གནས་དང་ཡུལ་སྐོར་སྡེ་ཁག་ནས་ཤེས་རྟོགས་བྱུང་དོན། ཚོད་རྩིས་བྱས་པ་བརྒྱུད། 2021ལོའི་“ལྔ་གཅིག”གུང་གསེང་རིང་། རྒྱལ་ཡོངས་རྒྱལ་ནང་ཡུལ་སྐོར་དུ་ཡུལ་སྐོར་འགྲོ་མཁན་མི་ཐེངས་དུང་ཕྱུར་2.3ཟིན་ཞིང་། དེ་ནི་ལོ་གོང་མའི་དུས་མཉམ་དང་བསྡུར་ན་119.7%འཕར་ཡོད།
     བསྡུར་གཞི་ཡོད་པའི་ཁ་ཚད་ལ་གཞིགས་ན་རིམས་ནད་མ་བྱུང་གོང་གི་དུས་དེའི་103.2%་སླར་གསོ་ཐུབ་ཡོད་པ་རེད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1132.3ཟིན་པ་དེ་ལོ་དེའི་དུས་མཉམ་ལས་138.1%འཕར་བ་དང་། བསྡུར་གཞི་ཡོད་པའི་ཁ་ཚད་ལ་གཞིགས་ན་རིམས་ནད་མ་ཐོན་གོང་གི་དུས་དེའི་77.0%སླར་གསོ་ཐུབ་ཡོད་པ་རེད།
     ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གིས་བརྟག་དཔྱད་བྱས་པ་ལས་མངོན་པར་གཞིགས་ན། ཡུལ་སྐོར་བ་32.0%གྱིས་དྲ་ཐོག་ནས་སྔོན་མངགས་བྱས་པ་ཉམས་ལེན་བྱས་པ་དང་། ཡུལ་སྐོར་བ་33.0%ཡིས་ཨང་རྟགས་བཤེར་པ་དང་དང་གདོང་པར་འཇོག་པ་སོགས་ཤོག་མེད་ཅན་གྱི་སྤྱི་གླིང་དུ་ཞུགས་རྒྱུའི་ཉམས་ལེན་བྱས་པ། ཡུལ་སྐོར་བ་98%ཀྱིས་མཛེས་ལྗོངས་ཁུལ་གྱི་སྔོན་མངགས་ལ་ཁས་ལེན་བྱས་ཡོད།
      “ལྔ་གཅིག”རིང་རྒྱལ་ཡོངས་སུ་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁྲི་1.2ཙམ་རྒྱུན་གཏན་ལྟར་སྒོ་མོ་ཕྱེ་བ་དེས་རྒྱལ་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྡོམས་འབོར་གྱི་90%བཟུང་བ་དང་། རྒྱལ་ཡོངས་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་4800ཙམ་ལ་སྣེ་ལེན་ཞུས་པ་རེད། གྲོང་གསེབ་ས་ཁུལ་གྱི་གྲོང་མི་ཕྱིར་སྐྱོད་ཚད་14.3%ཟིན་ནས་ཞིང་པ་ཡུལ་སྐོར་ནང་ཞུགས་པའི་བསྡུར་གྲངས་ཇེ་མཐོར་འགྲོ་བཞིན་ཡོད་པ་རེད།
     འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཞིག་ཡིན་པས་གསར་བརྗེའི་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། རིག་གནས་ཀྱི་གཞི་རྒྱུ་དེ་ཡུལ་སྐོར་བྱ་ཡུལ་གྱི་ཡིད་དབང་འཕྲོག་ནུས་ཆེ་རུ་གཏོང་བ་དང་ཡུལ་སྐོར་བས་ཉམས་ལེན་བྱེད་ཚད་མཐོ་རུ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
【1】  【2】
༄༅།།སྒོར་དུང་ཕྱུར་1132.3