འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་6ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།  

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་གཡང་ཏོག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་30ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
     མི་དམངས་དྲ་བའི་འཕྲིན།     བགྲེས་སོང་གཡང་ཏོག་ནི་1930ལོར་སྐྱེས་པ་དང་ད་ཆ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོར་འཚོ་སྡོད་བྱེད་ཀྱི་ཡོད།
    བགྲེས་སོང་གཡངཏོག་ཆུང་དུས་ནས་ཕ་ཚེ་ལས་འདས་སོང་བས། རྨོ་བོ་ལགས་གཅིག་པུས་གསོ་སྐྱོང་བྱས་པ་རེད། ཁྲལ་པ་ཡིན་པའི་ཁོང་གིས་ཉིན་ལྟར་ཞིང་བྲན་བདག་པོར་ནོར་འཚོ་བ་དང་ཀོ་བ་མཉེད་པ། བལ་འཐག་པ་སོགས་ཀྱི་ལས་ཀ་བྱེད་དགོས་པ་རེད། 
    བགྲེས་སོང་གཡང་ཏོག་གིས་“བོད་རྙིང་པར་མི་བསོད་ནམས་ཅན་དང་བསོད་ནམས་མེད་མཁན་ཞེས་ཕྱེ་ཡོད་ཅིང་། བོད་རྙིང་པར་ཁྲལ་པ་ཡིན་པའི་མི་སེར་ཚང་མ་ནི་བསོད་ནམས་མེད་མཁན་ཡིན་པ་རེད། གང་ཡིན་ཞེ་ན། བོད་རྙིང་པར་མི་ཞིག་སྐྱེས་པ་ནས་འདྲ་མཉམ་མེད་པས་རེད།” ཅེས་བཤད། 
     “ཞོགས་པར་ནོར་ཕྱུགས་འཚོ་སར་འགྲོ་དུས་ནོར་ཕྱུགས་གིས་རྩྭ་གང་འདོད་བཟའ་ཆོག་མོད། འོན་ཀྱང་། ང་ཚོས་མངའ་བདག་གིས་སྦྱིན་པ་གཏོང་རྒྱུར་སྒུག་དགོས་ཀྱི་ཡོད་”ཅེས་བགྲེས་སོང་གིས་གཟུགས་སུ་བཀོད་པའི་དཔེར་བཞག་ནས་འདི་ལྟར་བཤད། 
    ད་ཆ་བགྲེས་སོང་ཁོང་ལ་བུ་དང་ཚ་བོ་མང་པོ་ཡོད་པ་དང་བྱང་ཐང་དུ་དགུན་དྲོ་དབྱར་བསིལ་གྱི་བོད་ཁང་བསྐྲུན་ནས་འབྱོར་ཕྱུག་གི་འཚོ་བ་རོལ་བཞིན་མཆིས།  
【1】  【2】
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།