འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་29ཉིན།

༄༅།།ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་29ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གི་ཆུར་འཛུལ་དམག་གྲུར་ལས་འཛོལ་ཐོན་པའི་སྐོར་ལ། ཞི་ཅིན་ཕིང་གིས་
ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གི་ཆུར་འཛུལ་དམག་གྲུ་ཞིག་དིམ་ནས་ལས་འཛོལ་ཐོན་པའི་སྐོར་ལ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
   ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གི་ཆུར་འཛུལ་དམག་གྲུ་ཞིག་དིམ་ནས་དཔོན་དམག་མང་པོ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་བ་དང་འབྲེལ་ང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།