འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་25ཉིན།

༄༅།།ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་གསར་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་25ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་གསར་པ།
    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“ཐོན་ལས་གཞི་ཁྱོན་ཅན་དང་། དོ་དམ་ཚད་ལྡན་ཅན། གཉེར་སྐྱོང་སྤུས་རྟགས་ཅན”བཅས་ཀྱི་བླང་བྱར་དམིགས་ཏེ། སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དེང་རབས་དར་སྲོལ་ཆེ་བའི་རྒྱུ་ཆ་བསྡུ་ལེན་ཟམ་མི་ཆད་པར་བྱས་ནས་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཁྱད་ལྡན་ཐོན་ཟོག་མང་པོར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་ས་གནས་གཞན་ནས་ཡོང་བའི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་སུ་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་དང་ཞབས་ཞུའི་ལས་སྟེགས་སྐྲུན་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ཟོག་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་པས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། འདི་ནི་ཆབ་མདོ་གྲོང་ཁྱེར་མིང་ཁྲང་ཐང་གའི་ཚོན་གཏོང་ལྟེ་གནས་ཀྱི་དགེ་ཕྲུག་གིས་ཐང་གར་ཚོན་གཏོང་བཞིན་པ།