འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅།། “རྒྱུད་གཅིག་ལམ་གཅིག”གི་གྲོས་མཐུན་རྩིས་མེད་དུ་གཏོང་མཁན་འདི་ལ་རྒོལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གིས་ཝེ་ཏའོ་ལི་ཡ་མངའ་སྡེའི་སྲིད་གཞུང་གིས་ཀྲུང་གོ་དང་བཞག་པའི“རྒྱུད་གཅིག་ལམ་གཅིག་”གི་མཉམ་ལས་གྲོས་མཐུན་རྩིས་མེད་དུ་བཏང་བར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིང་གིས། ཨོ་སི་ཁྲི་ལི་ཡའི་ཆབ་སྲིད་བྱེད་སྟངས་དང་གནས་ལུགས་མེད་པའི་བྱ་སྤྱོད་འདི་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་དགོངས་དོན་དང་འགལ་ནས། ལོ་རྒྱུས་ཀྱི་འགྲོ་ཕྱོགས་དང་ལྡོག་ནས་བསྐྱོད་བཞིན་ཡོད་པས། རང་བཞིན་ངན་ལ་རྒྱལ་ཁབ་གཉིས་ཀྱི་ས་གནས་ཀྱི་ཁེ་ལས་བར་མཉམ་ལས་བྱེད་པའི་ཡིད་ཆེས་ལ་ཤུགས་རྐྱེན་ངན་པ་བཟོས་ཤིང་། ཨོ་སི་ཁྲི་ལི་ཡ་རང་ཉིད་ཀྱི་སྣང་བརྙན་དང་སྙན་གྲགས་ལའང་གཏོར་བརླག་ཚབས་ཆེན་བྱས་ཡོད། 
ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་འདོད་པ་དང་མཐོ་རིམ་བར་ཁ་བརྡ་བྱེད་འདོད་ཡོད་ཚུལ་བཤད་ཀྱང་། བཤད་སྟངས་གཅིག་དང་ལས་སྟངས་གཅིག་ཡོད་ལ། ཡང་ནས་ཡང་དུ་ཕྱོགས་གཉིས་ཀྱི་འབྲེལ་བར་གཏོར་བརླག་བཏང་ཡོད།
   ཨོ་སི་ཁྲི་ལི་ཡའི་བྱེད་ཐབས་ཚང་མས་ཁོང་ཚོར་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ལྷག་བསམ་རྣམ་དག་ཅིག་འཆང་མེད་པ་བསྟན་ཡོད།  “ང་ཚོས་སླར་ཡང་ཨོ་སི་ཁྲི་ལི་ཡ་ཕྱོགས་ལ་འཕྲལ་མར་ཐག་གཅོད་ནོར་འཁྲུལ་ཅན་དེ་ཕྱིར་འཐེན་བྱས་ནས། ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་བར་གྱི་འབྲེལ་བ་ལ་འགན་མི་ཁུར་བའི་བྱ་སྤྱོད་མཚམས་འཇོག་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་གྱི་མཉམ་ལས་བགྲོ་གླེང་རྒྱུ་མཚན་མེད་པར་ཚོད་འཛིན་བྱེད་པའི་བྱ་སྤྱོད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། དེ་ལྟར་མ་བྱས་ན་ཀྲུང་གོ་ཕྱོགས་ཀྱིས་ཨ་ལན་ནུས་ལྡན་བསློག་ངེས་ཡིན།”