འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅༎།སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་ནས་གཙང་གསུམ་ཆུ་
འགོའི་“རི་སྐྱེས་སྲོག་ཆགས་”ཡུལ་ཁམས་སུ་བསྐྱོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎།སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་ནས་གཙང་གསུམ་ཆུ་
འགོའི་“རི་སྐྱེས་སྲོག་ཆགས་”ཡུལ་ཁམས་སུ་བསྐྱོད།
    མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ལ། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལས་གྲྭ་ལ་མུ་མཐུད་སྐུལ་འདེད་བཏང་ཏེ་སྔོ་ཁེབས་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུ་ལྟེ་བར་བྱས་ནས་སྣོད་བཅུད་མ་ལག་གི་རང་བྱུང་སླར་གསོ་དང་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ཟུང་འབྲེལ་དམ་པོ་བྱས་པར་བརྟེན་ནས། རྩྭ་ཐང་དང་ཐང་རྒོད། འདམ་ར། གཙང་བོ་དང་མཚེའུ་བཅས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་རེད། གཙང་གསུམ་ཆུ་འགོ་ཁུལ་གྱི་སྔོ་ཁེབས་ཐོན་སྐྱེད་ནུས་ཤུགས་བརྟན་པོ་ཙམ་ཡོད་པ་དང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཡང་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད་པ་རེད། འདི་ནི་ཟླ་4ཚེས་20ཉིན་གཙང་གསུམ་ཆུ་འགོའི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་ཝ་མོ་ཞིག་གིས་གནས་སྤོ་བའི་གཙོད་ཅིག་ལ་ལྟ་བཞིན་མཆིས།
【1】  【2】  【3】  【4】
༄༅༎།སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་ནས་གཙང་གསུམ་ཆུ་
འགོའི་“རི་སྐྱེས་སྲོག་ཆགས་”ཡུལ་ཁམས་སུ་བསྐྱོད།