འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅།།འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་བསྟན་དོན། 2020ལོ་ནི་ཟིན་ཐོ་ཡོད་ཚུན་གྱི་ཚ་བ་ཆེ་
ཤོས་ཀྱི་ལོ་གསུམ་གྱི་གྲས་ཤིག་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉིན་ཤས་གོང་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས《2020ལོའི་གོ་ལ་ཧྲིལ་པོའི་གནམ་གཤིས་གནས་ཚུལ》གྱི་སྙན་སེང་ཁྱབ་བསྒྲགས་བྱས་ཏེ། 2020ལོ་ནི་སྔར་བཞིན་ཟིན་ཐོ་ཡོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་གསུམ་གྱི་གྲས་ཤིག་རེད་ཅེས་བརྗོད་པ་རེད།
    སྙན་ཞུའི་ནང་། གནམ་གཤིས་གྲང་དུ་ཕྱིན་པའི་སྣང་ཚུལ་ཐོན་མོད། འོན་ཀྱང་2020ལོ་ནི་སྔར་བཞིན་ཟིན་ཐོ་ཡོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་བཟོ་ལས་ཅན་གོང་ལས་ཧྲེ་ཧྲི་ཏུའུ་1.2ཀྱིས་མཐོ་བ་ཡོད། 2015ལོ་ཚུན་གྱི་ལོ་6ནི་ཟིན་ཐོ་ཡོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་6ཡིན་པ་དང་། 2011ལོ་ནས་2020ལོ་བར་ནི་ཟིན་ཐོ་ཡོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་10རེད།
   གཞན་ཡང་2020ལོར་གོ་ལ་ཧྲིལ་པོའི་ཆ་སྙོམས་རྒྱ་མཚོའི་ངོས་སྔར་བཞིན་མུ་མཐུད་མཐོ་རུ་ཕྱིན་པའི་རྒྱུ་རྐྱེན་འགའ་ཞིག་ནི་ཀེ་ལིང་ལན་འཁྱག་རོམ་དང་ལྷོ་སྣེའི་འཁྱག་རོམ་བཞུར་ཚད་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པས་རེད།