འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅།།སི་ཁྲོན་གྱི་སྤྱི་ཚོགས་འགན་སྲུང་གཱ་ཁྲི་དགུ་སྟོང་ལྷག་ཙམ་གྱིས་རིམ་པ་ཁག་གི་སྤྱི་པའི་དཔེ་
མཛོད་ཁང་ནས་དཔེ་དེབ་གཡར་སྤྲོད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། སི་ཁྲོན་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་པའི་དཔེ་མཛོད་ཁང་གིས་སྔ་རྗེས་སུ་སྤྱི་ཚོགས་འགན་སྲུང་གཱ(གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཚུད་པ)ཀློག་པ་པོའི་ལྟ་ཀློག་ལག་ཁྱེར་ལ་བརྩིས་ནས་ཀློག་པ་པོར་དཔེ་དེབ་ལྟ་ཀློག་དང་། དཔེ་དེབ་འདྲི་རྩད། དཔེ་མཛོད་ཁང་ཕྱི་ནས་དཔེ་མཛོད་ཁང་དུ་ཉར་བའི་གྲངས་གཞིའི་ཐོན་ཁུངས་ལྟ་སྤྱོད་བྱེད་པ་སོགས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་དབར་དཔེ་དེབ་ཕན་ཚུན་གཡར་སྤྲོད་བྱེད་པའི་ཞབས་ཞུ་སྒྲུབ་སྟངས་འཚོལ་ཞིབ་བྱས་པ་རེད།
    གསར་འགོད་པར་ཤེས་རྟོགས་བྱུང་བར། “སྤྱི་ཚོགས་འགན་སྲུང་གཱ་ཡི་ཀློག་པ་པོའི་ལག་ཁྱེར”ནི་སི་ཁྲོན་ཞིང་ཆེན་མི་སྤྱི་དང་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་མཉམ་དུ་བཏོན་པའི་དམངས་ཕན་དམངས་བདེའི་ཞབས་ཞུ་ཞིག་ཡིན་པས། མི་དམངས་མང་ཚོགས་དཔེ་དེབ་ལྟ་ཀློག་བྱེད་བདེ་རུ་གཏོང་བ་དང་། སི་ཁྲོན་ཡོངས་ཀྱི་མི་དམངས་ཀྱི་ལྟ་ཀློག་ཆུ་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
   མིག་སྔར་སི་ཁྲོན་ཞིང་ཆེན་དུ་སྤྱི་ཚོགས་འགན་སྲུང་གཱ་ཡོད་པའི་མི་གྲངས་ཁྲི་9066ཟིན་པ་དང་། གློག་རྡུལ་གྱི་སྤྱི་ཚོགས་འགན་སྲུང་གཱ་ཁྲི་2684སྤྲད་པས་སྤྲོད་ཚད་29.6%ཟིན་ཡོད་པ་རེད། གཱ་ཡོད་མཁན་གྱིས་སྤྱི་ཚོགས་འགན་སྲུང་གཱ་སྤྱད་ནས་སྤྱི་ཚོགས་འགན་བཅོལ་དང་། ལས་ཞུགས་ལས་གཏོད། མི་དོན་དང་ཤེས་ལྡན་མི་སྣ་སོགས་ཀྱི་ལས་སྒོ་གཉེར་ཆོག་པ་དང་། རྒན་གསོའི་དངུལ་དང་། ལས་ཤོར་དངུལ། ལས་ཞུགས་ཁ་གསབ་མ་དངུལ། དྲ་ཐོག་གསོ་སྦྱོང་སྤ་སེ་སོགས་ལེན་ཆོག་པ་མ་ཟད། སྤྱི་ཚོགས་འགན་སྲུང་གཱ་སི་ཁྲོན་མི་སྤྱིའི་ལས་སྒོ་སྒྲུབ་གཉེར་དང་སྤྱི་པའི་ཞབས་ཞུར་ཕྱོགས་ཡོངས་ནས་སྤྱོད་ཆོག་གི་ཡོད་པ་རེད།