འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅།།“བརྟན་པོ་གཉིས་དང་འཕར་བ་གཅིག”གི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་པར་བརྟེན། འདི་ལོའི་
འབྲུ་རིགས་གཙོ་བོ་གསུམ་གྱི་འདེབས་ཁྱོན་མུའུ་དུང་ཕྱུར་14.48ཟིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་གཉེར་བའི་2021ལོའི་ཀྲུང་གོ་ཞིང་ལས་རྒྱང་ལྟའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར། 2021ལོར་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་དང་ཞིང་ལས་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕེལ་རིམ་གསར་པ་བྱུང་ཡོད། འབྲུ་རིགས་དང་ཞིང་ཞོར་ཐོན་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་བྱེད་ནུས་བརྟན་པོའི་ངང་ཆེ་རུ་སོང་བ་དང་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་སོང་ནས་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་སོང་ཡོད་པ་རེད།
    ཚོགས་ཆེན་ཐོག་ཡོངས་བསྒྲགས་བྱས་པའི《ཀྲུང་གོ་ཞིང་ལས་རྒྱང་ལྟའི་སྙན་ཞུ(2021—2030)》ནང་སྔོན་དཔག་བྱས་པར། འདི་ལོའི“བརྟན་པོ་གཉིས་དང་འཕར་བ་གཅིག”(བཟའ་འབྲུ་དང་སྲན་ཆེན་བརྟན་པོ་ཡོད་པ་དང་མ་རྨོས་ལོ་ཏོག་འཕར་བ)སྲིད་ཇུས་ཀྱི་ཆ་རྐྱེན་འོག ཤུན་ལྡན་འབྲས་དང་། གྲོ མ་རྨོས་ལོ་ཏོག་བཅས་ཀྱི་འདེབས་ཁྱོན་མུའུ་དུང་ཕྱུར་14.48ཟིན་རྒྱུ་ཡིན་པ་དང་སྲན་ཆེན་འདེབས་ཁྱོན་མུའུ་དུང་ཕྱུར་1.4ཡན་བརྟན་པོ་ཡོང་རྒྱུ་ཡིན་པ།
   ཤུན་ལྡན་འབྲས་དང་གྲོའི་ཐོན་འབོར་ལོ་གོང་མ་ལས་1.3%དང་0.6%སོ་སོར་འཕར་རྒྱུ་དང་། མ་རྨོས་ལོ་ཏོག་གི་ཐོན་འབོར་ཏུན་དུང་ཕྱུར་2.72ཟིན་ནས་ལོ་གོང་མ་ལས་4.4%འཕར་རེ་ཡོད་པ་རེད། པད་ཁ་དང་། བ་དམ། ཁྱད་ལྡན་སྣུམ་རྒྱུ་བཅས་ཀྱི་འདེབས་ཁྱོན་སྤྱིའི་ཆ་ནས་ཚད་གཞི་མི་འདྲ་བའི་ཐོག་ནས་འཕར་ཡོད་པ་རེད། ཕག་པའི་མགོ་གྲངས་རྒྱུན་གཏན་ལྟར་སླར་གསོ་ཐུབ་རྒྱུ་དང་། བྱ་ཤ་དང་། ཚགས་ཤ ལུག་ཤ དཀར་ཆུའི་ཐོན་རྫས། ཆུ་ཐོན་ཐོན་རྫས་བཅས་ཀྱི་ཐོན་འབོར་བརྟན་པོའི་ངང་འཕར་རྒྱུ་ཡིན་པ་རེད།
    སྔོན་དཔག་བྱས་པར་གཞིགས་ན། འདི་ལོའི་ཞིང་ཞོར་ཐོན་ཟོག་གི་འཛད་སྤྱོད་དགོས་མཁོ་མུ་མཐུད་འཕར་རྒྱུ་དང་། ཚལ་རིགས་དང་། ཤིང་འབྲས། ཆུ་ཐོན་ཐོན་རྫས་བཅས་ཀྱི་འཛད་སྤྱོད་མུ་མཐུད་རིམ་འཕར་བྱུང་ནས་འཛད་སྤྱོད་བྱེད་ཚད་བརྟན་པོའི་ངང་འཕར་རྒྱུ་རེད། ཞིང་ཞོར་ཐོན་ཟོག་ཉོ་ཚོང་འཁྲུག་པོ་ཡོང་རྒྱུ་དང་ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་ཡང་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་ཡིན་པ་རེད།
   སྔོན་དཔག་ལྟར་ན། འབྱུང་འགྱུར་ལོ་10ཡི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་དུང་ཕྱུར་17ཡན་བརྟན་པོ་ཡོང་རྒྱུ་དང་། གཅིག་སྡུད་ཡུག་ཁུལ་གྱི་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་10ཙམ་བསྐྲུན་རྒྱུ་ཡིན་པ་རེད། ཞིང་ལས་གྲོང་གསེབ་དེང་རབས་ཅན་ལ་འཕེལ་རིམ་གལ་ཆེན་བྱུང་ནས་འབྲུ་རིགས་དང་ཞིང་ཞོར་ཐོན་ཟོག་གལ་ཆེན་མཁོ་འདོན་དེ་བས་ནུས་ལྡན་ཐུབ་རྒྱུ་དང་། ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་དང་ཁུལ་ཁོངས་ཀྱི་བཀོད་ཇུས་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ། ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད། འབྲུ་རིཌ་དང་། སྣུམ། སྲིན་བལ། མངར་ཆ། ཤ དཀར་ཆུ་སོགས་ཞིང་ཞོར་ཐོན་ཟོག་གལ་ཆེན་མཁོ་སྤྲོད་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་དང་། གནོད་མེད་དང་། བདེ་ཐང་། བདེ་འཇགས་བཅས་ཀྱི་དེང་རབས་ཞིང་ལས་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་རྒྱུ་ཡིན་པ་བཅས་རེད།