འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་21ཉིན།

༄༅།།སྐྲན་ནད་སྨན་བཅོས་ཐད་ཐེར་འདོན་བྱས་པར་བརྟག་དཔྱད་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་21ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་4ཚེས་19ཉིན་གནས་ཚུལ་སྤེལ་གསལ། “པེ་ཅིང་སྨན་ཁང་གསུམ་པའི་སྐྲན་ནད་ཚན་ཁག་གི་སྨན་པས་སྐྲན་ནད་སྨན་བཅོས་ཀྱི་ཡོལ་བ་ནག་པོ་”ཞེས་བརྗོད་པའི་འབྲེལ་ཡོད་དྲ་རྒྱའི་ཆ་འཕྲིན་ལ་དོ་ཁུར་བྱས་རྗེས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་འབྲེལ་ཡོད་གནས་ཚུལ་དང་གོང་ཞུ་བྱས་པའི་གནད་དོན་ལ་བརྟག་དཔྱད་ཞིབ་བསྡུར་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་རེད། འབྲེལ་ཡོད་གནད་དོན་རྩད་ཆོད་མཐའ་གསལ་བྱུང་ཚེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མིན། འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད།
   གོམ་སྟབས་རྗེས་མར་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་སྐྲན་ནད་ནད་བརྟག་སྨན་བཅོས་དོ་དམ་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དོ་དམ་ལམ་ལུགས་དང་ཚད་ལྡན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་པ། སྐྲན་ནད་ཀྱི་ནད་བརྟག་སྨན་བཅོས་ཚད་ལྡན་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཁེ་དབང་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན།