འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་21ཉིན།

༄༅།།ཀྲུང་གོ་སྲོལ་རྒྱུན་རི་མོ་ཁང་གིས་སྒྲིག་འགལ་ངང་སྤྲོ་ཁང་བསྐྲུན་པ་གཞུང་བཞེས་བཏང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་21ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་སྲོལ་རྒྱུན་རི་མོ་ཁང་གིས་སྒྲིག་འགལ་ངང་སྤྲོ་ཁང་བསྐྲུན་པ་གཞུང་བཞེས་བཏང་།
    མི་དམས་དྲ་བའི་འཕྲིན། ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལུའོ་ལུང་ཁུལ་སྲིད་གཞུང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལུའོ་ལུང་ཁུལ་གྱིས་ཟླ་4ཚེས་16ཉིན《ཀྲུང་གོ་སྲོལ་རྒྱུན་རི་མོ་ཁང་གི་ལུང་མོན་མཛེས་རྩལ་ལྟེ་གནས་ཀྱིས་སྒྲིག་འགལ་ངང་སྤྲོ་ཁང་བསྐྲུན་པར་བརྟག་དཔྱད་བྱས་ཚུལ་སྐོར་གྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། ནང་དོན་ཆ་ཚང་གཤམ་གསལ་ལྟར།
    ཀྲུང་གོ་སྲོལ་རྒྱུན་རི་མོ་ཁང་གི་ལུང་མོན་མཛེས་རྩལ་ལྟེ་གནས་ཀྱིས་སྒྲིག་འགལ་ངང་སྤྲོ་ཁང་བསྐྲུན་པར་བརྟག་དཔྱད་བྱས་པའི་གནས་ཚུལ་སྐོར།
    2019ལོར་རྒྱལ་ཡོངས་སུ་སྒྲིག་འགལ་ངང་སྤྲོ་ཁང་བསྐྲུན་པའི་ཆེད་དོན་བཅོས་སྒྲིག་བྱེད་འགོ་བཙུགས་རྗེས། རང་ཁུལ་གྱིས་ཁོངས་གཏོགས་ཁུལ་ནང་གི་ཁྲིམས་འགལ་སྒྲིག་འགལ་ངང་བསྐྲུན་པའི་འཛུགས་སྐྲུན་སྣ་ཚོགས་གོང་རིམ་ནས་བཏོན་པའི་སྲིད་ཇུས་ལ་ཞིབ་བསྡུར་བྱས་ཏེ་གཏན་འབེབས་ལྟར་ཁོར་ཡུག་དཔྱད་དཔོག་དང་། འཆར་འགོད། ས་སྤྱོད། འཛུགས་སྐྲུན། བྲིན་ཚོང་སོགས་ཀྱི་ཞིབ་བཤེར་མཆན་འགོད་འགྲོ་ལུགས་མ་འགྲིམས་པ་དང་། ཁྲིམས་འགལ་སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་རིགས་ཀྱི་ས་ཁང་བདག་ཁོངས་དང་སྤྲོ་ཁང་གི་ཁྱད་ཆོས་ལྡན་པའི་གཉེར་སྐྱོང་རང་བཞིན་གྱི་རྣམ་གྲངས་ལ་དྲ་སྦྲེལ་རྣམ་པའི་གྲལ་བཤེར་དང་ངོས་འཛིན་བྱས། ཀྲུང་གོ་སྲོལ་རྒྱུན་རི་མོ་ཁང་གིས་བསྐྲུན་པའི་ཐོག་ཁང10 དང་སྒྱུ་རྩལ་མཁས་ཅན་གྱི་སྤྱི་ཤག20ནི་སྒྲིག་འགལ་ངང་སྤྲོ་ཁང་བསྐྲུན་པར་ངོས་འཛིན་བྱས་ནས་རྒྱལ་ཁབ་ཁོངས་གཏོགས་སུ་གོང་ཞུ་བྱས་པ་རེད། ཞིང་ཆེན་དང་གྲོང་ཁྱེར་གྱི་སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་གི་ཆེད་དོན་ལྟ་ཞིབ་ཚོགས་ཆུང་ཡུལ་དངོས་སུ་ལྟ་ཞིབ་མཛུབ་ཁྲིད་དང་ཐག་གཅོད་བྱེད་པར་ཐེངས་མང་བསྐྱོད་ཡོད།
   ཧོ་ནན་ཞིང་ཆེན་གྱིས་སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་གཙང་བཤེར་དང་བཅོས་སྒྲིག་བྱེད་པའི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། “2018ལོའི་ལོ་མཇུག་ཏུ“འཆར་གཞི་མང་པོ་གཅིག་ཏུ་བསྒྲིལ་བ”མ་བྱས་གོང་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ནང་ནས་རིགས་གཅིག་དང་འཚམ་ན་འཆར་འགོད་དང་མཐུན་པར་བརྩིས་ནས་མ་བཤིག་ན་ཆོག་པ་དང་། གཞུང་བཞེས་གཏོང་བའམ་ཡང་ན་སོར་འཇོག་བྱེད་ཆོག” ལུང་མོན་སྲོལ་རྒྱུན་རི་མོ་ཁང་གི་རྣམ་གྲངས་དེ་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་མཐུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་མཐུན་གྱི་མེད།
    2019ལོའི་ཟླ་10པར། ལུའོ་ལུང་ཁུལ་སྲིད་གཞུང་འགོ་འཛིན་གྱི་གཞུང་དོན་ཁང་གི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ནང་། ལུང་མོན་རི་མོ་ཁང་གི་ཐོག་ཁང་10ཡི་སྤྲོ་ཁང་20ཡི་རྣམ་གྲངས་ལ་ཞིབ་འཇུག་བྱས་ནས་གཞུང་བཞེས་བྱ་རྒྱུ་མ་ཟད། གཞུང་བཞེས་ཀྱི་གོ་རིམ་ཡང་སྒྲུབ་པ་དང་། ལུང་མོན་སྲང་ལམ་དོན་གཅོད་ཁང་ལ་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱས་ནས་ཇུས་གཞི་ཁ་གསལ་བཟོས་རྗེས་སླར་ཡང་རྗེས་མཐུད་ལས་དོན་སྤེལ་རྒྱུ་བྱས་ཡོད་པ་རེད།
                                                                                                                                                             2021ལོའི་ཟླ་4ཚེས་16ཉིན།