འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་21ཉིན།

༄༅།།ལན་ཀྲོའུ་དང་ཟི་ལིང་གིས་ཚན་རྩལ་འཐབ་ཇུས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་21ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གཉིས་ཀྱི་ཚན་རྩལ་ཅུས་ཀྱིས《ཚན་རྩལ་འཐབ་ཇུས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ཅིང་། ཕྱོགས་གཉིས་པོས་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་དང་ས་ཁོངས་ཆ་འཕྲིན་མཉམ་སྤྱོད་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ལམ་སྲོལ་བཟོས་པ་བརྒྱུད། ས་གནས་གཉིས་དབར་གྱི་ཚན་རྩལ་གསར་གཏོད་དོ་དམ་དང་ཚན་རྩལ་སྲིད་ཇུས་སྦྲེལ་མཐུད་དང་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
   གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས་ས་གནས་གཉིས་པོའི་གསར་གཏོད་བྱེད་པོས་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན། སྐྱེ་དངོས་སྨན་དང་སྨན་བཅོས། དེང་རབས་ཞིང་ལས། སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་དུ་འགག་སྒྲོལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ས་གནས་གཉིས་པོའི་ཁེ་ལས་དབར་དང་། མཐོ་རིམ་སློབ་གླིང་གི་ཚན་ཞིབ་ཁང་དང་སུའོ་དབར་དང་དེ་བཞིན་ཁེ་ལས་དང་མཐོ་རིམ་སློབ་གླིང་གི་ཚན་ཞིབ་ཁང་དང་སུའོ་དབར་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པའི་ལག་རྩལ་འགག་སྒྲོལ་དང་། དཀའ་གནད་འོས་སྐུལ་དང་གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་རྣམ་གྲངས། ས་གནས་གཉིས་པོའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་རེ་ཞུ་བཅས་སྔོན་ལ་བདམས་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། རྗེས་ཀྱི་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་དང་མཐུན་རིགས་ལག་བསྟར་ཧུར་ཐག་བྱ་རྒྱུ། ས་གནས་གཉིས་ཀྱི་གསར་གཏོད་བྱེད་པོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་མཉམ་འབྲེལ་ཐོག་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་དང་དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་རྩལ་ཆེད་དོན་རྣམ་གྲངས་ནང་རེ་ཞུ་བྱ་རྒྱུ་བཅས་རེད། དེ་དང་ཆབས་ཅིག་ལན་ཀྲོའུ་ཚན་རྩལ་ཁྲོམ་ར་ཆེ་མོ་དང་། ཟི་ལིང་ཚན་རྩལ་ཁྲོམ་ར་ཆེ་མོ། ལན་ཀྲོའུ་ཚན་རྩལ་དངོས་མང་སྟོན་ཚོགས། ཟི་ལིང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྦྲེལ་མཐུད་ཚོགས་འདུ་སོགས་ཀྱི་ཐབས་ལམ་བརྒྱུད་ལག་རྩལ་གྲུབ་འབྲས་སྦྲེལ་མཐུད་དང་། རྣམ་གྲངས་དང་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱ་རྒྱུ་རེད། ས་གནས་གཉིས་ཀྱི་སྣེ་འདྲེན་ཁེ་ལས་དང་། མཐོ་རིམ་སློབ་གླིང་། ཚན་རིག་ཞིབ་འཇུག་ཁང་དང་སུའོ་བཅས་ཕན་ཚུན་ཡན་ལག་སྒྲིག་གཞི་འཛུགས་རྒྱུ་དང་། སྲིད་འཛིན་ས་ཁོངས་བསྒྲལ་ནས་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ལྟེ་གནས་མཉམ་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། ས་གནས་གཉིས་པོའི་མཐོ་རིམ་སློབ་གླིང་དང་ཚན་ཞིབ་ཁང་དང་སུའོ་སོགས་ཀྱིས་ཁ་གཏད་མཉམ་ལས་ཀྱི་རིག་མཛོད་མནའ་འབྲེལ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ས་གནས་གཉིས་པོའི་མཉམ་ལས་འཆར་འགོད་དང་། ལམ་སྲོལ། སྲིད་ཇུས། གཙོ་གནད་ཁྱབ་ཁོངས་སོགས་ཀྱི་ཐད་ཞིབ་འཇུག་བྱ་རྒྱུ་རེད།