འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་21ཉིན།

༄༅།།པེ་ཅིང་གིས་ལུགས་མཐུན་གྱི་ས་རིན་གྱི་ཚད་གཞི་མཐོ་ཤོས་ཁྱབ་བསྒྲགས་ཐེངས་དང་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་21ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པེ་ཅིང་གྲོང་ཁྱེར་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཨུ་ལྷན་གྱིས་འདི་ལོའི་ལོ་འཁོར་གྱི་ཚོང་སྒྱུར་སྡོད་ཁང་གི་ས་ཆ་ཁག་དང་པོ་ནང་བཤུག་གཏོང་བའི་སྤྱི་བསྒྲགས་ཀྱི་ཁ་གསབ་ཁྱབ་བསྒྲགས་བྱས་ཏེ། འདི་ལོ་བྱང་བུ་འགེལ་བའི་ཐོག་ནས་ནང་བཤུག་གཏོང་བའི་ཁག་དང་པོའི་རྣམ་གྲངས་29ལ་དམིགས་ཏེ། ལུགས་མཐུན་གྱི་ས་རིན་གྱི་ཚད་གཞི་མཐོ་ཤོས་དང“སྤྱི་པའི་བོགས་གཏོང་ཁང་པའི”རྒྱ་ཁྱོན་ཆེ་ཤོས་སོགས་ཁྱབ་བསྒྲགས་བྱས་པ་མ་ཟད། ཧབ་ཉོ་རྒྱག་མཁན་གྱིས་འབྱུང་འགྱུར་ཁང་པའི་རིན་གོང་དང་དེ་བཞིན་སྡོད་ཁང་གི་མ་མཐའི་སྤུས་ཚད་འགན་སྲུང་སོགས་ཀྱི་ནང་དོན་རྣམས་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་པེ་ཅིང་གྲོང་ཁྱེར་གྱིས་ལུགས་མཐུན་གྱི་ས་རིན་གྱི་ཚད་གཞི་མཐོ་ཤོས་ཁྱབ་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་དང་། ལུགས་མཐུན་ངང་ས་རིན་ཚོད་འཛིན་བྱས་ནས། ཚོང་སྒྱུར་སྡོད་ཁང་གི་ས་ཆ“རིན་གོང་མཐོན་པོ་སྤྲོད་མཁན་ལ་ཐོབ་པའི”ཕྱོགས་རྐྱང་པའི་དམིགས་ཚད་ནས་ཁྲོམ་ར་འཐུས་ཚང་ཡོང་བ་དང་། ས་ཆ་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད། དམངས་འཚོ་འགན་ལེན་སོགས་དམིགས་ཚད་མང་བའི་དོ་དམ་ཕྱོགས་སུ་འགྱུར་ལྡོག་འགྲོ་བར་སྐུལ་མ་བཏང་བ་རེད།