འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་21ཉིན།

༄༅།།རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་5Gསྒུལ་བདེའི་དྲ་བ་རགས་ཙམ་བཙུགས་ཟིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་21ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། 5Gལག་ཐོགས་ཁ་པར་གྱི་མཐའ་སྣེ་འབྲེལ་མཐུད་བྱེད་ཚད་དུང་ཕྱུར་2.6ཟིན་པ་དང་། གཏན་འཇགས་དྲ་ཆེན་དང་སྒུལ་བདེའི་དྲ་བའི་མཐའ་སྣེ་སྤྱོད་མཁན་གྱི་ཉམས་ལེན་བྱེད་ཚད་ལོ་5ཡི་གོང་ལས་ལྡབ་7ཙམ་འཕར་ཏེ་གཏན་འཇགས་དྲ་ཆེན་དང་སྒུལ་བདེའི་རྒྱུག་འབོར་གྱི་ཆ་སྙོམས་འགྲོ་གྲོན་ཤུགས་ཆེན་ཆག་ཡོད། ཚེས་19ཉིན། རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག བཟོ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ལིའུ་ལེ་ཧུང་གིས་གསར་འགོད་པར་རང་རྒྱལ་གྱི་དྲ་བའི་མྱུར་ཚད་མགྱོགས་གཏོང་དང་གྲོན་དངུལ་བཅག་པའི“གྲུབ་འབྲས་གསལ་ཐོ”བསྟན་པ་རེད།
   ལིའུ་ལེ་ཧུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཆ་འཕྲིན་འཕྲིན་གཏོང་དྲ་བ་བཙུགས་ཤིང་། འོད་སྐུད་དྲ་ཆེན་སྤྱོད་མཁན་2015ལོའི་ལོ་མཇུག་གི་56%ནས་94%བར་འཕར་བ་དང་། སྲིད་འཛིན་གྲོང་ཚོར་འོད་སྐུད་དང་4Gདྲ་བ་ཤར་གཏོང་ཐུབ་ཚད་ཆ་སྙོམས་99%ལས་བརྒལ་ཡོད། རྒྱལ་སྤྱིའི་མྱུར་འཇལ་སྒྲིག་གཞིའི་གྲངས་གཞིར་གཞིགས་ན། རང་རྒྱལ་གྱི་སྒུལ་བདེའི་དྲ་བའི་མྱུར་ཚད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་139ཡི་ཁྲོད་ཨང་4པར་སླེབས་ཡོད་ཅེས་བཤད།
   ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་བྱེད་ཐབས་རབ་དང་རིམ་པ་བཏོན་པས་དྲ་རྒྱའི་གྲོན་དངུལ་འཇལ་ཚད་ཆེས་ཆེར་ཆག་ཡོད། བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་གསལ། ལོ་5ཡི་རིང་། ཁེ་ལས་ཀྱི་དྲ་ཆེན་དང་ཆེད་སྤྱོད་ཚན་པའི་དྲ་སྤྱོད་ཀྱི་ཆ་སྙོམས་འགྲོ་གྲོན་70%ལྷག་ཙམ་ཆག་པ་དང་གྲོན་དངུལ་གཅོག་པའི་བྱེད་ཐབས་སྣ་ཚོགས་ལས་ལོར་སྤྱོད་མཁན་མི་ཐེངས་དུང་ཕྱུར་10ལྷག་ཙམ་ལ་ཕན་པ་ཐོབ་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་7000ལྷག་ཙམ་གྱི་ཁེ་ཕན་ཐོབ་ཡོད།
   ལིའུ་ལེ་ཧུང་གིས“2020ལོའི་ལོ་སྨད་ཚུན། 5Gའཕེལ་རྒྱས་གཏོང་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྒུལ་བདེའི་དྲ་སྤྱོད་ཚན་པའི་རྒྱུག་འབོར་གྱི་ཆ་སྙོམས་འགྲོ་གྲོན་10%ཡན་ཆག་ཡོད། གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། རང་རྒྱལ་གྱི་སྒུལ་བདེའི་འཕྲིན་གཏོང་སྤྱོད་མཁན་གྱི་ཟླ་རེའི་ཆ་སྙོམས་འགྲོ་གྲོན་གོ་ལ་ཧྲིལ་པོའི་ཆུ་ཚད་ལས་ཧ་ཅང་དམའ་བ་ཡོད”ཅེས་བརྗོད།
   5Gདྲ་བའི་ཐད་བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་གསལ། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་5Gསྒུལ་བདེའི་དྲ་བ་རགས་ཙམ་བཙུགས་ཟིན་ཞིང་། རིམ་རྩིས་བྱས་ན་2021ལོའི་ཟླ་2པའི་ཟླ་མཇུག་བར་5Gསྦྲེལ་ཚུགས་ཁྲི་79.2བཙུགས་པ་དང་། 5Gལག་ཐོགས་ཁ་པར་གྱི་མཐའ་སྣེའི་འབྲེལ་མཐུད་གྲངས་གཞི་དུང་ཕྱུར་2.6ཟིན་ཡོད། སྔོན་དཔག་བྱས་ན་ལོ་སྨད་དུ་5Gལག་ཐོགས་ཁ་པར་ཕྱིར་ཚོང་བྱེད་ཚད་80%ཙམ་ཟིན་རྒྱུ་རེད།