འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་20ཉིན།

༄༅།།ཀན་སུའུ་ཡི“པང་ཁོག་དང་། ལན་ཀྲོའུ། ཏ་ཁ་བཅས”ཀྱི་རྒྱལ་སྤྱིའི་ཟོག་འདྲེན་གཙང་གླས་གནམ་གྲུ་འཕུར་
སྐྱོད་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་20ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་ཁུལ་གསར་ནས་ཤེས་རྟོགས་བྱུང་བར། ལན་མེ་མཁའ་འགྲུལ་ཀུང་སིའི“འགྲུལ་སྐྱེལ་ཟོག་འདྲེན་ལ་བསྒྱུར་བའི”དུས་གཏན་གནམ་གྲུས་ཐེ་ལན་གྱི་ཤིང་ཏོག་ཧྲན་ཀྲུའུ་སོས་པ་ཏུན་19.1བླུགས་ཏེ་ཉིན་ཤས་གོང་ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་མ་ཟད། ད་དུང་གནམ་ཐང་དེའི་ནང་འདྲེན་ཤིང་འབྲས་ཀྱི་དམིགས་བཙུགས་འགག་སྒོའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་འགག་སྒྲོལ་ཐོབ་སྟེ་ཀན་སུའུ་ཡི་ཁྲོམ་རར་བཏོན་པ་རེད། ཉིན་དེར་དུས་གཏན་གནམ་གྲུ་དེས་ད་དུང་ཀྲུང་གོས་ཐོན་སྐྱེད་བྱས་པའི་སྤུས་ལེགས་རས་ཆ་དང་སྲིན་སྐུད་སོགས་ཐོན་རྫས་ཏུན་13ཙམ་བླུགས་ཏེ་བྷང་ག་ལའི་རྒྱལ་ས་ཏ་ཁར་ཕྱིར་གཏོང་བྱས་པ་རེད། ཀན་སུའུ་ཞིང་ཆེན་གྱི“པང་ཁོག་དང་། ལན་ཀྲོའུ། ཏ་ཁ་བཅས”ཀྱི་རྒྱལ་སྤྱིའི་ཟོག་འདྲེན་གཙང་གླས་གནམ་གྲུ་འཕུར་སྐྱོད་ལེགས་གྲུབ་བྱུང་ཡོད།
     ལན་མེ་མཁའ་འགྲུལ་རྒྱལ་སྤྱིའི་ཟོག་འགྲེམས་ཚོགས་པའི་ཙུང་ཚའེ་གཞོན་པ་ཁྲེང་ལིན་གྱིས། ཀྲུང་གོ་དང་པང་ཁོག་དང་ཏ་ཁ་གནས་སའི་ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དབར་ཚོང་དོན་གྱི་གསབ་རེས་རང་བཞིན་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཉམ་ལས་འོག ཕྱོགས་ཁག་གི་ཚོང་དོན་འགྲོ་འོང་སྔར་བས་ཟབ་ཏུ་ཕྱིན་ཡོད། དེ་གོང་ཀན་སུའུ་ཞིང་ཆེན་གྱི“ཕ་ནོམ་ཕེན་དང་། ལན་ཀྲོའུ། ལཱ་ཧེར་བཅས”ཀྱི་རྒྱལ་སྤྱིའི་ཟོག་འདྲེན་གཙང་གླས་གནམ་གྲུ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། ད་རེས་ཀྱི་ཟོག་འདྲེན་གཙང་གླས་གནམ་གྲུ་འཕུར་སྐྱོད་ཐུབ་པ་དེས་ནུབ་བྱང་ས་ཁུལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨེ་ཤེ་ཡ་ལྷོ་མའི་དབར་གྱི་ཚོང་དོན་མཉམ་ལས་ཁྱབ་ཁོངས་སྔར་བས་སྲ་བརྟན་དང་རྒྱ་ཆེར་འགྲོ་རྒྱུ་རེད་ཅེས་བཤད།