འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་20ཉིན།

༄༅།།ཀྲུང་གོ་རྒྱལ་སྤྱིའི་འཁྱག་ལྡིར་རྩེར་སོན་འགྲན་བསྡུར·ཀྲུང་གོའི་ཡོངས་བསྒྲགས་འགྲན་བསྡུར་མཚོ་སྔོན་མདོ་
པར་འགོ་ཚུཌ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་20ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན་ཀྲུང་གོ་རྒྱལ་སྤྱིའི་འཁྱག་ལྡིར་རྩེར་སོན་འགྲན་བསྡུར·ཀྲུང་གོའི་ཡོངས་བསྒྲཌ་འགྲན་བསྡུར(ཀྲུང་གོའི་མཚོ་སྔོན)དེ་མཚོ་སྔོན་མདོ་པའི་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་འགོ་ཚུཌ་པ་དང་། ཁྱོན་རུ་ཁག་24“ས་མཐོའི་འཁྱག་རོམ་དང་པོར”མཉམ་དུ་འཛོམས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་འདི་ལོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་པའི་འོག་སྤེལ་བའི་རྒྱལ་ཡོངས་ཀྱི་འཁྱག་ལྡིར་འགྲན་བསྡུར་ཆེ་ཤོས་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་རུ་ཁག་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རམ་འདེགས་ཧུར་ཐག་བྱས་ཏེ་རང་རྒྱལ་གྱི་འཁྱག་ལྡིར་རྣམ་གྲངས་ཀྱི་འགྲན་རྩལ་ཆུ་ཚད་དང་ཁྱབ་གདལ་གྱི་ཕན་ནུས་ཆེ་རུ་གཏོང་ཆེད་ཡིན་པ་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མ་གཉེར་གོང་གི་ནང་སྦྱོང་གི་འགྲན་བསྡུར་གལ་ཆེན་ཞིག་ཡིན་པའི་ངོས་ནས་ད་ཐེངས་འགྲན་བསྡུར་གྱི་རྣམ་གྲངས་བཀོད་སྒྲིག་དང་། འགྲན་རའི་རེ་བ། དེ་བཞིན་འགྲན་བསྡུར་གྱི་སྒྲིག་ལམ་བཅས་ཚང་མ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱག་ལྡིར་རྣམ་གྲངས་འགྲན་བསྡུར་གྱི་ཚད་གཞི་ལྟར་ལག་ལེན་བསྟར་ཞིང་། འགྲན་རའི་ཤན་འབྱེད་དང་ལག་རྩལ་ཚོགས་པ་ཚང་མ་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་པ་ཡིན་པ་རེད། འགྲན་བསྡུར་ནང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱག་ལྡིར་འགྲན་བསྡུར་གྱི་རྣམ་གྲངས་གསུམ་ཀ་བཀོད་སྒྲིག་བྱས་ཡོད། དུས་ཡུན་ཉིན་5ཡི་འགྲན་བསྡུར་ནང་རྒྱལ་ཁབ་རུ་ཁག་དང་དེ་བཞིན་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཆེད་ལས་འཁྱག་ལྡིར་རུ་ཁག་གིས་ངོ་མཚར་ཆེ་བའི་འགྲན་བསྡུར་ཐེངས་50ལྷག་ཙམ་བྱ་རྒྱུ་ཡིན་པ་རེད། གཙོ་གཉེར་བ་ཡིན་པའི་མཚོ་སྔོན་གྱིས་རུ་ཁག་4འགྲན་བསྡུར་ནང་མངགས་ཤིང་། དེའང་མཚོ་སྔོན་ཞིང་ཆེན་འཁྱག་ལྡིར་རུ་ཁག་གིས་2018ལོར་རུ་ཁག་བཙུགས་པ་ནས་བཟུང་རང་ཡུལ་དུ་རྒྱལ་ཡོངས་ཀྱི་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད།