འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་16ཉིན།

༄༅།།སྨན་རྫས་ཁེ་ལས་འདི་ལ་སྒོར་དུང་ཕྱུར་ 7.64 ཡི་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་16ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། 2019ལོའི་ཟླ་11པར། ཐེར་འདོན་བྱས་པར་གཞིགས་ནས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དབྱང་ཙེ་ཅང་སྨན་རྫས་ཁེ་ལས་ཚོགས་པ་ཚད་ཡོད་ཀུང་སི་(གཤམ་དུ་དབྱང་ཙེ་ཅང་སྨན་རྫས་ཁེ་ལས་ཚོགས་པ་ཞེས་འབྲི་རྒྱུ།) ལ་སྒེར་སྡེམ་གྲོས་མཐུན་བཞག་ནས་ལག་བསྟར་བྱས་པའི་བྱ་སྤྱོད་ཀྱི་དོགས་གཞི་ཡོད་པར་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་པ་རེད། 
 ཞིབ་བཤེར་བྱས་པ་བརྒྱུད། 2015ལོ་ནས་2019ལོའི་བར། དབྱང་ཙེ་ཅང་སྨན་རྫས་ཁེ་ལས་ཚོགས་པས་རྒྱལ་ཡོངས་ཁྱབ་ཁོངས་སུ་(ཀང་ཨའོ་ཐའེ་ས་ཁུལ་ནང་དུ་ཚུད་མེད)མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པ་དང་། རིན་གོང་སྙོམས་སྒྲིག་གི་ཡི་གེ་དང་ངག་ཐོག་གི་བརྡ་ཐོ་གཏོང་བ་སོགས་ཀྱི་ཐབས་ཤེས་སྤྱད་ནས། སྨན་རྫས་སྡེབ་འཚོང་ཚོང་ལས་དང་། སིལ་འཚོང་སྨན་ཚོང་ཁང་སོགས་འོག་གི་ཁེ་ལས་དང་གཏན་འཁེལ་སྨན་རྫས་ཀྱི་བརྒྱུད་འཚོང་རིན་གོང་དང་གཏན་ཁེལ་སྨན་རྫས་ཀྱི་བརྒྱུད་འཚོང་རིན་གོང་དམའ་ཤོས་ཀྱི་གྲོས་མཐུན་བཞག་པ་དང་། སྒྲིག་སྲོལ་བཟོས་ཤིང་ལག་ལེན་བསྟར་བ་དང་། དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་སྣོན་པ། བརྒྱུད་འཚོང་བྱེད་མཁན་གྱིས་རིན་གོང་དམའ་མོས་འཚོང་འགྲེམས་བྱེད་པར་ཆད་པ་གཅོད་པ། མཚམས་སྦྱོར་སྒྲིག་གཞི་བཅོལ་ནས་དྲ་ཐོག་གི་འཚོང་འགྲེམས་སྨན་རྫས་རིན་གོང་ལ་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོས་མཐུན་དེ་ལག་བསྟར་ཡོང་བར་ཁག་ཐེག་བྱས་ཡོད། དབྱང་ཙེ་ཅང་སྨན་རྫས་ཁེ་ལས་ཚོགས་པས་གོང་དུ་བཤད་པའི་བྱ་སྤྱོད་ཕུད། འགྲན་རྩོད་ཚོད་འཛིན་དང་། འཛད་སྤྱོད་མཁན་གྱི་ལུགས་མཐུན་གྱི་ཁེ་དབང་དང་སྤྱི་པའི་ཁེ་ཕན་ཚོད་འཛིན་བྱས་ནས། སྒེར་སྡེམ་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞི་པའི་“ཚོང་གཉེར་མཁན་དང་ཉོ་ཚོང་མཁན་གྱིས་གཤམ་འོག་གི་སྒེར་སྡེམ་གྲོས་མཐུན་ཡོང་བར་གཏན་འགོག་བྱེད་པ་”ལས། (གཅིག)སྐྱེ་བོ་གསུམ་པར་ཚོང་ཟོག་བཙོངས་པའི་རིན་གོང་གཏན་འཁེལ་བྱ་རྒྱུ་དང་། (གཉིས།)སྐྱེ་བོ་གསུམ་པར་ཚོང་ཟོག་བཙོངས་པའི་རིན་གོང་དམའ་ཤོས་ཚོད་འཛིན་བྱ་རྒྱུ་”ཡི་གཏན་འབེབས་དང་འགལ་ཡོད། 2021ལོའི་ཟླ་4ཚེས་15ཉིན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྒེར་སྡེམ་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པ་དང་དོན་ཚན་ཞེ་དགུ་པའི་གཏན་འབེབས་གཞིར་བཟུང་ནས་སྲིད་འཛིན་ཆད་གཅོད་ཀྱི་ཐག་གཅོད་བྱས་ཏེ། དབྱང་ཙེ་ཅང་སྨན་རྫས་ཁེ་ལས་ཚོགས་པས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་བཀའ་བཏང་བ་དང་འབྲེལ་2018ལོའི་བྲིན་ཚོང་དངུལ་གྲངས་སྒོར་དུང་ཕྱུར་254.67ཡི་3%གྱི་དངུལ་ཆད་དེ་བསྡོམས་སྒོར་དུང་ཕྱུར་7.64 ཡི་ཆད་པ་བཅད།