འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་16ཉིན།

༄༅།།སྨར་ཁོག་སྤྱི་གླིང་དུ་འདབ་ཆགས་རིགས་10གསར་འཕར་བྱུང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་15ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྨར་ཁོག་སྤྱི་གླིང་དུ་འདབ་ཆགས་རིགས་10གསར་འཕར་བྱུང་།
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན། གསར་འགོད་པས་མཚོ་སྔོན་རྒྱལ་ཁབ་རིམ་པའི་སྨར་ཁོག་བརླན་ས་སྤྱི་གླིང་ནས་ཤེས་རྟོགས་བྱུང་གསལ། སྨར་ཁོག་རྒྱལ་ཁབ་སྤྱི་གླིང་དུ་ཟླ་3པར་འདབ་ཆགས་རྟོག་ཞིབ་བྱས་ཤིང་ཉེ་ཆར་བདེ་བླག་ངང་མཇུག་སྒྲིལ་ཡོད། ཐེངས་འདིའི་རྟོག་ཞིབ་ལས་ཁྱོན་བསྡོམས་འདབ་ཆགས་ཀྱི་རིགས་56དང་གྲངས་ཚད་1800ཟིན་ཐོར་བཀོད་ཡོད། 2020ལོའི་དུས་མཉམ་དང་བསྡུར་ན་འདབ་ཆགས་ཀྱི་རིགས་10གསར་དུ་འཕར་སྣོན་བྱུང་ཡོད།
   མཚོ་སྔོན་པདྨ་རྒྱལ་ཁབ་རིམ་པའི་སྨར་ཁོག་བརླན་ས་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཤར་རྒྱུད་དུ་ཆགས་ཡོད། དེའི་ནང་ལ་པདྨ་རྫོང་ཁོངས་ཀྱི་གཙང་གསུམ་ཆུ་འགོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཕུད་སྨར་ཆུའི་ཡན་ལག་ཆུ་བོ་ཚང་མ་འདུས་ཡོད། བརླན་ས་སྤྱི་གླིང་ཇུས་འགོད་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྤྱི་ཆིང་1610.74ཡོད་ཅིང་། དེའི་ཁྲོད་དུ་བརླན་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་112.90ཡོད་པ་དང་། བརླན་སས་69.65%ཟིན།
ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་རྟོག་ཞིབ་ལ་ཁྱོན་བསྡོམས་འདབ་ཆགས་ཀྱི་རིགས་60དང་གྲངས་ཚད་1800ཙམ་ཟིན་ཐོར་བཀོད་ཡོད། དེ་དག་ནི་སྡེ་10ཚན་པ་26ལ་གཏོགས་ཤིང་། 2020ལོའི་ལོ་འཁོར་རྟོག་ཞིབ་ལས་འདབ་ཆགས་གསར་པ་10གསར་དུ་འཕར་སྣོན་བྱུང་སྟེ། དེའི་ནང་ལ་གཏིང་གག་མིག་དཀར་དང་། གག་པ་རྣ་ལྗང་། གག་པ་མཆུ་སེར། ངུར་བ། རྒོད་ཐང་ནག ལྟ་ལེན་འོད་ལྡན་སོགས་ཡོད།
   མིག་སྔར་རྒྱལ་ཁབ་རིམ་པའི་སྨར་ཁོག་བརླན་ས་སྤྱི་གླིང་དུ་འདབ་ཆགས་ཀྱི་དཀར་ཆག་ཏུ་རིགས་109བར་འཕར་སྣོན་བྱུང་ཡོད།
༄༅།།སྨར་ཁོག་སྤྱི་གླིང་དུ་འདབ་ཆགས་རིགས་10གསར་འཕར་བྱུང་།
༄༅།།སྨར་ཁོག་སྤྱི་གླིང་དུ་འདབ་ཆགས་རིགས་10གསར་འཕར་བྱུང་།