འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།ང་ཚོ་རྒྱལ་སོང་། བུ་མོ་ཚོ་དངོས་འབྲེལ་འཇོན་པོ་བྱུང་སོང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ང་ཚོ་རྒྱལ་སོང་། བུ་མོ་ཚོ་དངོས་འབྲེལ་འཇོན་པོ་བྱུང་སོང་།
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་གྱི་ཕྱི་དྲོར། ཐའོ་ཁེའོ་ཨོ་རྩལ་འགྲན་ཚོགས་བུད་མེད་རྐང་གྲུག་སྤོ་ལོ་ཡ་གླིང་ཁུལ་གྱི་སྔོན་འདེམས་འགྲན་བསྡུར་གྱི་ཟུར་བཀོད་འགྲན་བསྡུར་འགྲན་སྐོར་གཉིས་པའི་ཁྲོད། དུས་སྣོན་འགྲན་བསྡུར་བྱས་པ་བརྒྱུད། འགྲན་ར་གཙོ་བོ་ཡིན་པའི་ཀྲུང་གོའི་བུད་མེད་རྐང་གྲུག་རུ་ཁག་གིས་2-2 ཀྱི་སྐར་འབྲས་ཐོག་ཁོ་རེ་ཡ་ལྷོ་མའི་བུད་མེད་རྐང་གྲུག་རུ་ཁག་དང་འདྲ་མཉམ་བྱུང་། འགྲན་སྐོར་དེར་དབྱང་མན་དང་ཝང་ཧྲོང་གིས་སྔ་གཞུག་ཏུ་སྐར་མ་རེ་བླངས། འགྲན་སྐོར་གཉིས་ཀྱི་བསྡོམས་སྐར་ནི་ཀྲུང་གོའི་བུད་མེད་རྐང་གྲུག་རུ་ཁག་དང་ཁོ་རེ་ཡ་ལྷོ་མའི་བུད་མེད་རྐང་གྲུག་རུ་ཁག་སོ་སོར་སྐར་མ་4དང་3ཡིན་པས། ཀྲུང་གོའི་བུད་མེད་རྐང་གྲུག་རུ་ཁག་བདེ་བླག་ངང་ཐའོ་ཁེའོ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་ཐུབ་ཡོད།
【1】  【2】
༄༅།།ང་ཚོ་རྒྱལ་སོང་། བུ་མོ་ཚོ་དངོས་འབྲེལ་འཇོན་པོ་བྱུང་སོང་།