འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།གྲོང་ཁྱེར་འདི་རིགས་སུ་ཐེམ་འཇུག་ཚོད་འཛིན་ཁྱོན་ཡོངས་ནས་མེད་པར་བཟོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་《2021ལོའི་རྣམ་པ་གསར་པའི་གྲོང་རྡལ་ཅན་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་འགན》འགྲེམས་སྤེལ་བྱས་པ་དང་། དེའི་ནང་དུ་གྲོང་ཁྱེར་ནང་ཁོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི་300མན་གྱི་གྲོང་ཁྱེར་གྱིས་ཐེམ་འཇུག་ཚོད་འཛིན་ཁྱོན་ཡོངས་ནས་མེད་པར་བཟོ་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྐར་གསོག་ཐེམ་འཇུག་སྲིད་ཇུས་ལག་བསྟར་བྱེད་པའི་གྲོང་ཁྱེར་ལ། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲོད་པའི་ལོ་ཚད་དང་བཅའ་སྡོད་ལོ་ཚད་གཉིས་ཐད་ཀྱི་སྐར་གྲངས་དེ་བསྡུར་གྲངས་གཙོ་བོར་འཛིན་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ཁ་གསལ་བསྟན་ཡོད།